| | e-texts navigator
|
412a1 @#། །ཞེས་པ་དྲི་ཆབ་ཀྱི་སྔགས་སོ། །ོཾ་ཀུ་མཱ་ར་རཱུ་པ་ཎི་ཛཿཛཿཧཱུཾ་ཕཊ། མེ་ཏོག་འབུལ་བའི་སྔགས་སོ། །ོཾ་ཧྲཱིཿཧཿཧེ་ཕཊ། བདུག་པའིའོ། །ོཾ་ཀཱ་ལ་རུ་པ་སརྦ་དུཥྚ་སཏྭ
412a2 ད་མ་ཀཾ་མ་ཧཱ་བྷུ་ཏ་པ་ཏི་ཨི་མཾ་བ་ལིཾ་གྲིཧྣ་གྲིཧྣ་པ་ཡ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ོཾ་དཱིཔྟ་ལོ་ཙ་ན་བི་ཀྲི་ཏཱ་ན་ན་མ་ཧཱ་ཊྚ་ཊྚ་ཧཱ་ས་ནཱ་དཱི་ནཾ་དཱིཔྟ་ཡ་སྭཱཧཱ། མར་མེའི་སྔགས་སོ། །ོཾ་ཛ་ཡ་ཛ
412a3 ཡ་སུ་ཛ་ཡ་བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ་སྭ་སྠཱ་ནི་ཀྲི་ཏཾ་ཏེ་ན་ཏ་ཐཱ་ག་ཏ་ཤྩ་བི་སརྫ་ཡ་མ་མ་ཀཱཪྱཾ་ཀུ་རུ་སྭཱ་ཧཱ། ཞེས་པ་གཤེགས་སུ་གསོལ་བའི་སྔགས་སོ། །དེ་ནས་རྡོ་རྗེ་འཛིན་པ་ཉིད་ཆོས
412a4 ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། ལྡོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་སྔགས་ཡོངས་སུ་རྫོགས་པའི་འཕྲིན་ལས་འདི་ཉིད་བཀའ་སྩལ་ཏོ། །
412a5 ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཧཱུཾ་ལས་ཡོངས་སུ་རྫོགས་པ་ཡི། །རྡོ་རྗེ་འཇིགས་བྱེད་བསམ་པར་བྱ། །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །ཤེས་རབ་མོ་དང་མཉམ
412a6 དུ་སྦྱོར། །སྲིན་པོ་རབ་ཏུ་ཁྲོས་པ་འདྲ། །དབྱུག་པ་ཐོད་ཁྲག་ཕྱག་ན་འཛིན། །མ་ཧེ་པདྨ་ཉི་མ་ལ། །གཡོན་བརྐྱང་བ་ཡི་ཚུལ་གྱིས་བསྒོམ། །ོཾ་ཡ་མནྟ་ཀྲྀཏ་ཧཱུཾ་ཕཊ། གསང
412a7 སྔགས་རྒྱལ་པོ་འདི་བཟླས་ན། །འདོད་པའི་དངོས་གྲུབ་ཐམས་ཅད་འབྱུང་། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཡ་ཡིག་སྔོན་པོ་ལས་སྐྱེས་པའི། །ཁྲོ་བོ་རྡོ་རྗེ་འཇིགས
iiif viewer powered by OpenSeadragon
411b - 412b