e-texts navigator
Collection
Volume
Page
Wylie

290a1 @#། །རྡོ་རྗེ་འགྲོས་ཀྱིས་ཡོངས་སུ་བསྐོར་བར་བྱའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཁྲོ་བོའི་ང་རྒྱལ་གྱིས་ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་ས་གཞི་བརྗིད་པ
290a2 གང་གིས་བསྐོར་ནས་ཀྱང་ཁྲོ་བོའི་སྐུར་བསྒོམས་ནས་སྡང་བའི་ལྷ་དང་། ལྷ་མ་ཡིན་དང་། གསང་བ་པ་རྣམས་ལ་ཚིག་འདི་རབ་ཏུ་བརྗོད་པར་བྱའོ། །སློབ་དཔོན་མིང་འདི་ཞེས་བྱ་བས
290a3 སློབ་མ་ཆེ་གེ་མོ་ཞིག་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ས་ཕྱོགས་འདིར་དཀྱིལ་འཁོར་གྱི་རྒྱལ་པོ་མིང
290a4 འདི་ཞེས་བྱ་བ་བྲི་ཡིས། ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། གནོན་པོ་དང་། ནམ་མཁའ
290a5 ལྡིང་དང་། མི་འམ་ཅི་དང་། རིག་སྔགས་གྲུབ་པ་དང་། རྒན་པོའམ་རྒན་མོ་གཡོག་དང་། འཁོར་དུ་བཅས་པ་གང་དག་འཁོད་པ་རྣམས་དེངས་ཤིག་།འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས
290a6 མྱུར་བ་ཉིད་དུ་དེངས་ཤིག་། གང་དག་མི་འགྲོ་བ་དེ་དག་ནི། ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ་ཏུ་ཁྲོས་པའི་བཞིན་འབར་པ་ཅན་གྱི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་ཀུན་ཏུ་འབར་བས་མགོ་ཚལ་པ
290a7 བརྒྱར་འགས་པར་འགྱུར་རོ། །ཞེས་ལན་གསུམ་བརྗོད་ནས་སྟང་སྟབས་ལ་གནས་བཞིན་དུས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །གཡས་བརྐྱང་བ་དང་། གཡོན




iiif viewer powered by OpenSeadragon

289b - 290b

Texts on this page

H431 - rgyud kyi rgyal po chen po sgyu 'phrul dra ba zhes bya ba