e-texts navigator
Collection
Volume
Page
Wylie

242b1 པར་བྱེད་ན། དེ་ཇི་ལྟར་ཡོངས་སུ་བསལ་བར་བགྱི། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་དབང་པོ་ཆེན་པོ་ལྷ། །ཕྱི་མའི་དུས་ཀྱི་སེམས་ཅན་ལ། །གདུག་པའི
242b2 དུ་གཅིག་ཞུགས་གྱུར་ན། །ཕོ་ཉ་ཚོགས་ཀྱིས་མ་རུངས་བྱེད། །བཙན་དང་རྒྱལ་པོ་འགོད་པོ་དང་། །དངོས་གྲུབ་འཚེ་བ་བྱེད་ཀུན་དུ། །དེ་དག་དེ་ཉིད་ཤེས་གྱུར་ན། །དེ་དག་རང་གཤེད་རང་གིས་བྱེད། །རཱ
242b3 ཛ་ཙིཏྟ་རྦད་ནན། ཙ་ཧུ་ར་ཐུམས་ཛ་མཱ་ར་ཡ་རྦད་ནན། །ོཾ་ཏྲི་ཙིཏྟ་རྦད་ནན། ཏྲི་ཙིཏྟ་རྦད་ནན། ཧབ་ཤཾ་ཏྲི་ཙིཏྟ་རྦད་ནན། །རུ་ཏྲི་ཙིཏྟ་རྦད་ནན། །རཱ་ཛཱ་ཏྲི་ག་ནན། ཙ་ཧུར་ཐུཾ་ཛ་མཱ་ར་ཡ་རྦད། སྡེ་བརྒྱད་སྤྱིར
242b4 འདུལ་བ་ནི། ཨོཾ་ཨཱཿཧཱུཾ་བཛྲ་སརྦ་དུཥྚཾ། ཏྲིག་ནན། ཨེ་ཧུར་ཐུཾ་ཛ་མཱ་ར་ཡ་རྦད། གལ་ཏེ་རྒྱལ་པོ་གདུག་པ་དག། ཤིན་ཏུ་ཆེ་བར་འགྱུར་བ་ན། །ཀུ་ཤ་རྩཝ་ལ་བརྒྱ་བྱིན་གཟུགས། །མཛེ་མོའི་སོགས་པ་གཡས་པ
242b5 ལ|་|ཁྲག་ཆེན་གྱིས་བྲི་སྙིང་གར་རྩལ། །ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ། ལྕེ་པོག་གིས་གདུག་སྔོན་དམར་བཅིངས། །རྩ་བའི་དཀྱིལ་འཁོར་དབུས་དག་ཏུ། །གྲུ་གསུམ་ནག་པོར་བཅུག་བྱས་ལ། །ལྕགས་ཀྱུ
242b6 ཕྱག་རྒྱ་བཅས་ལ་དགུག། ཏྲི་བཛྲ་ཏྲི་བཛྲ། ཡཀྵ་དུཥྚཱན་བཛྲ་ཨཾ་ཀུ་ཤ་ཛ་ཀྲོ་དྷིཾ་ཀྲོལ་ཤ། རཱ་ཛ་ཐ་མ་ནཾ། རཱ་ཛ་ཤ་ཏྲཱུཾ་མཱ་ར་ཎ་ཕཊ། རཱ་ཛ་ཨ་མུ་ཀཾ་།བྷཀྵ་ཎི་གྲྀཧྞ་གྲྀཧྞ། གྲྀཧྞ་མཱ་ར་ཡ་ཕཊ། ཕུར་པ
242b7 གདབ་ཅིང་ལྕག་གིས་བྲབ། །དེ་ནས་བསྐོར་བའི་འཁོར་ལོ་བཅའ། །རྩ་བའི་འཁོར་ལོའི་ལྟེ་བ་ལ། །ཀུ་ཤའི་གཟུགས་བཞག་ཕྱི་རྩིབས་ལ། །རེ་མིག་བཅུ་བཞི་ལྡན་པ་ལ། །རྩིབས་ལ་གཟུགས་བྲིས་བོང་ཁྲག




iiif viewer powered by OpenSeadragon

242a - 243a

Texts on this page

H426 - dpal rdo rje gtum po thugs gsang ba'i rgyud phyi ma