| | e-texts navigator
|
242a1 @#། །བཅོམ་ལྡན་འདས། མནན་པའི་ལས་ནི་བགྱི་པ་ཡིས། །ཤིན་ཏུ་ཚར་གཅོད་ཇི་ལྟར་བགྱི། །ཞེས་གསོལ་པས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་ཡི
242a2 དབང་པོ་ཆེན་པོ་ཉོན། །རུས་སྤལ་ཁོག་པ་ཁ་སྦྱར་དུ། །རྒྱ་མཚོ་སྦུ་བ་ཁྲེ་རྒོད་དང་། །ནཱ་ག་གསར་ཅུ་གང་དང་། །དཀར་གསུམ་ཤ་ཆེན་ཤ་རི་ར། །མ་གྷི་ཏ་ཡིས་གཙོ་བྱས་ཏེ། །རུ་རྟ་དང་སྦྱར
242a3 རོ་ཉེའི་ཤུབས། །རེ་བས་བཏུམས་ཏེ་སྔོན་དམར་དཀྲི། །སྔགས་ཀྱིས་མདའ་ལ་སུམ་སྟོང་བསྔགས། །ནཱ་ག་སྟྭཾ་བྷ་ནན། །བརྒྱད་གསུམ་དབུས་མའི་ཟླ་ཟེར་ལ། །ནུབ་ཀྱི་རྒྱ་གྲམ་སུམ་མདོའམ། །ཡང
242a4 ན་གནོད་པའི་ས་ཕྱོགས་སུ། །ཤུག་པའི་ཕུར་པས་ཁྲུ་གང་བརྐོ། །དེར་བཅུག་གཡམ་པ་རྒྱ་གྲམ་ཅན། །དེ་སྟེང་མནན་པའི་རི་རབ་གཞག་།དེ་དག་བྱེད་ཚེ་དམན་ཟས་སྤང་། །ཁ་ཟས་དཀར་གསུམ
242a5 མངར་གྱིས་བྱ། །ཤ་རུལ་ཁྲག་རུལ་རྒྱ་ཚོལ་དང་། །སྔགས་མདའ་སྔགས་དང་ལྡན་པ་ཡིས། །རང་གནས་བརྟེན་པའི་བར་དུ་གཅད། །ཐོག་དྲག་ལྟ་བུར་སྔགས་ལས་བྱ། །རྩ་གཅིག་བར་དུ་གནོད་མི
242a6 འགྱུར|་|དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས། ཕྱིར་མི་ལྡོག་པའི་མནན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ལྷའི་དབང་པོས་ཡང་གསོལ་པ། །ཀྱེ་བཅོམ
242a7 ལྡན་འདས། གདུག་པ་ཅན་དེ་དག་དེ་ཉིད་ཁོ་ནར་འགྲོ་བ་ལ་རྣམ་པར་འཚེ་འམ། དེ་དག་གཞན་དང་གཞན་དག་གི་མཐུ་ཡང་གནོན་པར་འགྱུར། གལ་ཏེ་གཞན་དག་གི་མཐུས་ཀྱང་འགྲོ་བ་མ་རུངས
iiif viewer powered by OpenSeadragon
241b - 242b