e-texts navigator
Collection
Volume
Page
Wylie

241b1 པའོ||་||དེ་ནས་ཡང་ལྷའི་དབང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས། གདུག་པ་ཅན་ཤིན་ཏུ་ཡང་ཚར་གཅོད་པའི་ཐབས་བཀའ་སྩལ་དུ་གསོལ་ཞེས་གསོལ་པས། བཅོམ
241b2 ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་དབང་པོ་ཆེན་པོའི་ལྷ། །གདུག་པ་ཤིན་ཏུ་ཚར་གཅད་ན། །སྲེག་པའི་ལས་ལ་ཤིན་ཏུ་བརྩོན་པར་བྱ། །ཐབ་ཁུང་གྲུ་གསུམ་སོར་བརྒྱད་པ། །ཁྲག་དང
241b3 དུར་ཁྲོད་སོལ་བས་བྱུག་། དཀྱིལ་དུ་རྡོ་རྗེ་རྩེ་གསུམ་བྲི། །ཟུར་དུ་མཆོད་རྟེན་གསུམ་བཞག་སྟེ། །དེ་སྟེང་དྲག་པོའི་སྣོད་བཞག་ལ། །ནང་དུ་གྲུ་གསུམ་རྩེ་མོ་ལྷའོ། །གདུག་པའི་ཤིང་ཡང་ཟུར་གསུམ་བརྩིག།
241b4 དཀྱིལ་འཁོར་ཆེན་པོའི་ཤར་ལྷོར་བྱ། །ཤིང་ཤུན་དག་ལ་ཤ་ཏྲཱུཾ་ཡང་། །བརྒྱ་རྩ་བརྒྱད་བྱ་དུག་སྣ་དང་། །ཚ་བ་གསུམ་དང་བོང་བུའི་ཆུ། །རྔ་མོ་བྱ་རོག་བྲུན་ཡང་བསགས། །ལྷ་ཡི་ཏིང་འཛིན་མཆོད
241b5 སྔགས་ཀྱིས། །ཏིང་འཛིན་གསལ་ཏེ་ལྷ་ལ་དབུལ། །སྲེག་པའི་སྔགས་ནི་འདིས་བྱའོ། །སརྦ་བིགྷྣན་མཱ་ར་ཡ་ཛྭ་ལ་རཾ། སྟོང་རྩ་བརྒྱད་དང་བརྒྱ་རྩ་བརྒྱད། །ལན་གྲངས་མང་དུ་བྱས་པ་ཡི། །ཐལ་བ་ཆུ
241b6 ཆེན་གཞུང་ལ་བོར། །ཐབས་ཁུང་འོག་མའི་ཐལ་བ་ཡང་། །ཁྱི་ཡི་དྲི་ཆེན་ཚ་བ་གསུམ། །བསྲེས་ཏེ་ཤ་ཏྲཱུཾ་གཟུགས་བྱས་ལ། །ནཱ་ག་སྟཾ་བྷ་ནན་ཞེས་རྒྱ་གྲམ་དཀྱིལ་དུ་མནན་ཞེས་གསུངས་སོ། །དཔལ
241b7 རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས། དྲེགས་པ་ཅན་ཤིན་ཏུ་ཚར་གཅད་པ་སྲེག་པ་དྲག་པོའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་ལྷའི་དབང་པོས་གསོལ་པ། ཀྱེ




iiif viewer powered by OpenSeadragon

241a - 242a

Texts on this page

H426 - dpal rdo rje gtum po thugs gsang ba'i rgyud phyi ma