e-texts navigator
Collection
Volume
Page
Wylie

241a1 @#། །དྲི་མ་དང་། །རོ་ཡི་རོ་དང་བཙན་དུག་དང་། །བྱི་གུ་གཅིག་སྐྱེས་མི་ཕག་བཅུད། །ཡང་ན་བཙན་དུག་ལྕེ་པོ་ག་དང་། །ལྡོང་རོས་དང་ནི་ས་ཡི་དྲི། །ཞུན་ཆེན་དྲི་ཆུས་བསྡུས་ཏེ
241a2 བསྐུ|་|གུ་གུལ་ཤུ་དག་ཤིང་ཀུན་དང་། །གླ་རྩི་བཙན་དུག་རོ་ཡི་རོ། །རུས་ཚན་བཏགས་ཏེ་ཞུན་གྱིས་བསྡུ། །རིལ་བུ་བྱས་ཏེ་བསྲེགས་ནས་ཀྱང་། །ཡང་དང་ཡང་དུ་སྣ་བུག་གདུག་།དུག་ཆེན་ཀླུ་དང
241a3 དེ་ལས་གྲམ་པའི་གདོན། །སྐྱེ་རྒུ་འཚེ་བྱེད་གདོན་རྣམས་གང་ཡིན་ཡང་། །བདུག་པ་ཆེན་པོའི་དྲི་འོད་ཚོར་བ་ཡིས། །བདུག་པ་ཅན་རྣམས་ཀླད་པ་རབ་ཏུ་འགས། །ཉི་མའི་འོད་ཀྱིས་མུན་པ་ཇི་བཞིན
241a4 ནོ|་|ཤ་ལ་ཞུགས་པའི་གདུག་པའི་དུག་རྣམས་ལ། །བྱུང་བའི་རྫས་རྣམས་ཕྱི་ནས་བྱུག་།གདུག་པ་ཅན་གྱིས་རྟག་ཏུ་བདུག་།མ་གཞི་ཏ་དང་དྲི་ཆུ་གྲང་མོར་སྦྱར། །བཀྲ་ཞིང་ཁོང་དུ་གཏན་དུ་གཏང
241a5 བར་བྱ|་|ནད་རྣམས་འབྱང་ཞིང་སྦུ་སོགས་བྱི་བ་སྐྱེ། །རྩ་དང་ཆུ་དག་གནས་པའི་དུག་།བྱུག་པ་གདུག་པ་ཆུ་བོའི་གཞུང་བཞིན་དུ། །ཁོང་དུ་གཏང་བའི་རྫས་ནི་འདི་ལྟ་སྟེ། །མ་གཞི་ཏ་ནི་དྲི་ཡི་ཆུས
241a6 སྦྱངས་ཏེ། ། རུ་ར་དང་སྦྱར་བ་རྒྱུན་མི་གཅད། །རྩ་ཡི་གནས་སུ་ནད་རྣམས་དྭངས་སྙིངས་འབྱེད། །དྭངས་སྙིགས་ཕྱེད་པའི་ནད་ནི་ཕྱི་རུ་འབྱུང་། །གངས་ཀྱི་རིལ་ཉི་མ་ལྟ་བུའོ། །དུག་རྣམས་རུས་པ
241a7 དག་ལ་རྒྱས། །ཁོང་དུ་གཏང་བའི་རྫས་ནི་རྒྱུན་དུ་གཏང་། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས། གདུག་པའི་དུག་རྫས་ཀྱིས་འདུལ་བའི་ལེའུ་སྟེ་བཅུ་གཉིས




iiif viewer powered by OpenSeadragon

240b - 241b

Texts on this page

H426 - dpal rdo rje gtum po thugs gsang ba'i rgyud phyi ma