| | e-texts navigator
|
198b1 བཀོད་དེ། ཆོས་ཉིད་དག་པའི་སྔགས་བརྗོད་དོ། །ན་མཿས་མནྟ་བཛྲ་ཎཱཾ། སརྦྦ་དྷརྨཱ་ཏ་བཛྲ་སཏྭ་ཧཱུཾ། ཞེས་ཕྱོགས་བཅུར་ཁ་བལྟས་ཏེ་རྡོ་རྗེ་ཐལ་མོ་སྦྱར་ཏེ་ཡེ་ཤེས་ཀྱི་འོད་ཀྱིས་གསོལ་བ
198b2 བཏབ་ལ་རྡོ་རྗེ་སེམས་དཔའི་སྐུར་མོས་པར་བྱའོ། །ོཾ་བཛྲ་སཏྭ་ཧཱུཾ། ཞེས་པ་འབུམ་དུ་བརྗོད་ན། རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ། །རྡོ་རྗེ་རྡོ་རྗེ་འཇིགས་བྱེད་ཆེ། །མེ་ལོང་མེ
198b3 ལོང་གསལ་བའི་སྐུ། །ཞལ་གསུམ་ཕྱག་དྲུག་འཇིགས་པ་ཆེ། །མཚོན་ཆ་འཇིག་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པ་དེ་བཞིན་གཤེགས། །ཆོས་དབྱིངས་ཆོས་དབྱིངས
198b4 རྣམ་པར་དག་། ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན། །དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད། །སོ་སོ་ཀུན་རྟོག་ཀུན་རྟོག་བྲལ། །པདྨ་དྲི་མེད་པདྨའི་བདག་།ཞལ་གསུམ་ཕྱག
198b5 དྲུག་མཚོན་ཆ་འཛིན། །རྒྱ་མཚོ་སྐྱེས་སྐུ་ཕྱག་འཚལ་བསྟོད། །རིན་ཆེན་བཻ་ཌཱུར་གཟི་བརྗིད་འབར། །མཉམ་པ་མཉམ་ཉིད་ཡེ་ཤེས་སྐུ། །ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན། །རིན
198b6 ཆེན་རྒྱ་མཚོ་ཕྱག་འཚལ་བསྟོད། །ལས་ཀྱི་སྐུ་སྟེ་འཕྲིན་ལས་མཛད། །བྱ་བ་བྱ་བ་སྒྲུབ་པའི་བདག་།ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན། །འཕྲིན་ལས་རྒྱ་མཚོ་ཕྱག་འཚལ་བསྟོད། །
198b7 ཨོཾ་ཨ་ནནྟ་པ་ར་སྭཱཧཱ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཨཱ་ཀཪྵ་ཡ་བཾ་དྷ་ཡ་སྭཱཧཱ། ཧ་ཡ་གྲི་བ་བནྡྷ་ཤོ་ཀཱ་སྭཱཧཱ། ཨོཾ་ཨ་པ་རེ་ཨ་པ་ར་ཛི་ཏ་སྭཱཧཱ། རོ་ཥ་ཎ་ཡེ་བྷྱཿཕཊ། དེ་ནས་ལྷའི་གསང་སྔགས
iiif viewer powered by OpenSeadragon
198a - 199a