| | e-texts navigator
|
524a1 @#། །རྒྱུ་སྐར་དཀྱིལ་འཁོར་དུ། །ཀླ་ཀློའི་ཡུལ་གྱི་མི་རྣམས་དང་། །ལྷ་དང་ལྷ་མིན་དྲི་ཟར་བཅས། །གསང་ཆེན་ཡོངས་སུ་རྫོགས་པ་ཡི། །རང་བྱུང་ཡེ་ཤེས་ཕོ
524a2 བྲང་དུ། །ཚངས་དབང་ཁྱབ་འཇུག་དབང་ཕྱུག་བདག་།དཀྱིལ་འཁོར་སྒོ་བཞིར་བཅུ་གནས་ཀྱང་། །སྐྱེ་བོ་ཆགས་ཅན་རབ་འདུལ་ཕྱིར། །མཆོག་ཏུ་གྱུར་པའི་སྙིང་པོ་གསུངས། །
524a3 ཕྱོགས་བཅུར་གནས་ཀྱི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། །དཔའ་བོ་རྣལ་འབྱོར་དབང་ཕྱུག་ཚོགས། །གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །ཁྲག་ཁྲིག་རི
524a4 རབ་རྡུལ་མཉམ་པ། །དེ་དབུས་སེངྒེའི་ཁྲི་བཞུགས་པའི། །ཐུབ་པའི་རྒྱལ་པོ་དེ་བཞིན་གཤེགས། །རྡོ་རྗེ་འཛིན་པ་ཆེན་པོ་ལ། །རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ། །བླ་གོས་ཕྲག་པ
524a5 གཅིག་གཟར་ཏེ། །པུས་མོའི་ལྷ་ངས་ལ་བཙུགས། །ཐལ་མོ་སྦྱར་ཏེ་འདི་དོན་ཞུས། །གསང་ཆེན་ཁྱད་པར་འཕགས་པ་ཡི། །ལྷུན་གྱིས་འགྲུབ་པའི་ཕྱག་རྒྱ་ཆེ། །མི་འགྱུར
524a6 རྡོ་རྗེ་ཐེག་པའི་ལམ། །དུས་དང་གནས་དང་གང་ཟག་སྟེ། །སྤྱོད་ཡུལ་བསྟན་པའི་ཁྱད་པར་གྱི། །སྒྲུབ་དང་སྒྲུབ་པ་འཕྲིན་ལས་ཚོགས། །ཐབས་དང་སྟོབས་དང་འཇུག་པ་སྟེ། །
524a7 རིམ་པ་མངོན་བྱེད་རྒྱུར་ལྡན་པ། །དེ་ཉིད་བཅོམ་ལྡན་གསུང་དུ་གསོལ། །ཞེས་གསོལ་ཏོ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་པ། བླ་མ་སངས་རྒྱས་བསྟན་པ
iiif viewer powered by OpenSeadragon
523b - 524b