e-texts navigator
Collection
Volume
Page
Wylie

521a1 @#། །གྱུར་པ། །མྱ་ངན་འདའ་བར་མི་མཛད་ཅིང་། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །རྒྱུན་མི་འཆད་པར་འགྲོ་བ་ཀུན། །སྲིད་པའི་ཞགས་པས་འཇིགས
521a2 མེད་བར། །བྱམས་པའི་ཐུགས་ཀྱི་བརྩོན་འགྲུས་ཀྱིས། །རྟག་ཏུ་སེམས་ཅན་དོན་རྣམས་མཛད། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །སྨོན་ལམ་རྣམ་པར་སྦྱོང་བྱེད
521a3 ཅིང་|་|སྙིང་རྗེས་དོན་བརྩོན་སེམས་ཀྱིས་ནི། །དཔའ་བོས་སྲིད་པ་སྦྱོང་བར་མཛད། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །འདི་ནི་རྒྱུད་རྣམས་ཀུན་ཏུ་ཡང་། །ཀླ་ཀློའི་སྐད
521a4 ཀྱིས་སྦས་པ་སྟེ། །འཁོར་བའི་སྡུག་བསྔལ་འཇོམས་པའོ། །རྡོ་རྗེ་སེམས་དཔའ་མཉམ་གྱུར་པའི། །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །མྱུར་དུ་དངོས་གྲུབ་སྟེར་བྱེད་པ། །འཕྲལ
521a5 དུ་ཡང་དག་ཡིད་ཆེས་བྱེད། །བསམ་པ་གང་དང་གང་དག་གིས། །མི་རྣམས་སེམས་དང་མཐུན་པར་འཇུག་།དེ་དང་དེ་ཡི་གཟུགས་སྤྲུལ་ཏེ། །སྣ་ཚོགས་གཡོགས་ཏེ་བདེ
521a6 བར་བཞུགས། །དེ་ཕྱིར་འབད་པ་དུ་མ་ཡིས། །སྣ་ཚོགས་ཚུལ་གྱིས་མཐུན་པར་བྱ། །བདག་ཉིད་སངས་རྒྱས་ཧེ་རུ་ཀ་།དཔའ་བོ་རྣལ་འབྱོར་མ་ཚོགས་ཅན། །རང་གི
521a7 ལྷ་ཡི་རབ་སྦྱོར་བས། །བདག་ཉིད་ཡེ་ཤེས་མཆོག་འགྲུབ་འགྱུར། །འདི་ཡིས་རྒྱལ་བ་རྒྱ་མཚོ་དང་། །དཀྱིལ་འཁོར་བ་དང་ཞིང་སྐྱོང་ཚོགས། །གདོད་ནས་གྲུབ་པའི




iiif viewer powered by OpenSeadragon

520b - 521b

Texts on this page

H398 - dpal rdo rje nag po chen po khros pa'i mgon po gsang ba dngos grub 'byung ba zhes bya ba'i rgyud