| | e-texts navigator
|
78b1 བློ་གྲོས་ཆེན་པོར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་བློན་པོ་བློ་གྲོས་ཆེན་པོར་གྱུར་ཏོ། །དགེ་སློང་དག། ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར
78b2 པ་གང་ཡིན་པ་དེ་ནི། རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ཏོ། །དགེ་སློང་དག། སུམ་ཅུ་རྩ་གསུམ་གྱི་ལྷ་གང་ཡིན་པ་དེ
78b3 རྣམས་ནི། རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ལྷན་ཅིག་ཏུ་བདེན་པ་མཐོང་བ་ལྷ་བརྒྱད་ཅུ་པོ་འདི་ཉིད་ཡིན་ནོ། །དགེ་སློང་དག། གྲོང་ཁྱེར་གྱི་སྐྱེ་བོའི་ཚེགས་གང་ཡིན་པ་དེ་ནི། རྒྱལ་པོ
78b4 གཟུགས་ཅན་སྙིང་པོ་གང་དག་དང་ཐབས་གཅིག་ཏུ་དུའི་ཐད་དུ་འོངས་པའི་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་འདི་དག་ཉིད་ཡིན་ནོ། །དགེ་སློང་དག། རི་ལ་གནས་པའི་དྲང་སྲོང་དུ
78b5 གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་མོའུ་འགལ་གྱི་བུ་ཆེན་པོ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་དྲང་སྲོང་དུ་གྱུར་ཏོ། །གང་གིས་ངའི་དྲུང་དུ་བཙུན་མོ་རྒྱལ་བའི་འོད་སློང་བའི་བྲམ
78b6 ཟེའི་ཁྱེའུ་གང་ཡིན་པ་དེ་ནི། ཤཱཀྱའི་བུ་མོས་མཚོ་མ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུར་གྱུར་ཏོ། །དགེ་སློང་དག། ཤིང་མཁན་གཉིས་པོར་གྱུར་པ་གང་ཡིན་པ
78b7 དེ་ནི་ལྷས་སྦྱིན་དང་། ཀོ་ཀ་ལི་ཀ་འདི་དག་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཤིང་མཁན་གཉིས་སུ་གྱུར་ཏོ། །སྨོན་ལམ་དེའི་དབང་གིས་འདིར་དེ་བཞིན་གཤེགས་པའི་ཆོ་འཕྲུལ་རྣམ་པ
iiif viewer powered by OpenSeadragon
78a - 79a