| | e-texts navigator
|
77b1 ལྟར་བགྱིའོ། །ལྷའི་བུ་ལས་སྣ་ཚོགས་པས། ལྷའི་དབང་པོ་བརྒྱ་བྱིན་ལས་མངོན་ནས་སྐད་ཅིག་མ་དེ་ཉིད་ལ། རིན་པོ་ཆེ་སྣ་ཚོགས་ཀྱིས་ཉེ་བར་མཛེས་པ། ཀུན་ནས་མུ་ཏིག་གི་ཚོགས
77b2 ཀྱི་ངོ་ཤལ་དབྱངས་པའི་ལྷའི་སེང་གེའི་ཁྲི་མངོན་པར་སྤྲུལ་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། རང་ཉིད་ཀྱི་ལག་པ་གཉིས་ཀྱིས་བཟུང་ནས། ལྷའི་སེངྒེའི་ཁྲི་ལ་བཞག་སྟེ་ལྷ
77b3 བརྒྱ་སྟོང་དུ་མ་རྣམས་དང་ལྷན་ཅིག་ཏུ་ལྷའི་རོལ་མོ་རྣམས་ཀུན་ཏུ་རྡུང་བཞིན་དུ་བསྙེན་བཀུར་ཆེན་པོ་བྱས་ནས་རྒྱལ་པོར་དབང་བསྐུར་བས་དབང་བསྐུར་ཏོ། །བར་སྐབས་དེར་བྱང
77b4 ཆུབ་སེམས་དཔའི་མཐུས་རྣམས་པ་དྲུག་ཏུ་གཡོས་པ་དང་། ལྷ་རྣམས་དགའ་བ་དང་། མགུ་བས་ཡང་རྣམ་པ་སྣ་ཚོགས་པའི་མེ་ཏོག་གི་ཆར་དང་། རིན་པོ་ཆེའི་ཆར་ཡང་ཕབ་སྟེ།
77b5 འཛམ་བུའི་གླིང་ཐམས་ཅད་དུ་མེ་ཏོག་དང་། རིན་པོ་ཆེའི་ཆར་པུས་མོ་ནུབ་ཙམ་གྱིས་གཡོགས་པར་གྱུར་ཏོ། །ལྷ་དང་། མི་རྣམས་ཀྱིས་འབྱོར་བ་བསམ་གྱིས་མི་ཁྱབ་པར་གྱུར་བ
77b6 དེ་རྣམས་མཐོང་བ་དང་། ངོ་མཚར་དུ་གྱུར་ཅིང་རྨད་དུ་བྱུང་བ་སྐྱེས་ཏེ། ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། ཨེ་མའོ། རྒྱལ་པོ་དཔལ་གྱི་སྡེའི་བསོད་ནམས་ཀྱི་སྟོབས། ཨེ་མའོ། ངོ
77b7 མཚར་ཆེའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷ་བརྒྱ་སྟོང་དུ་མ་དང་ཐབས་གཅིག་ཏུ་བྱང་ཆུབ་སེམས་དཔའ་ཡང་དག་པར་དགའ་བར་བྱས་ནས་རང་གི་གནས་སུ་སོང་ངོ་། །རི
iiif viewer powered by OpenSeadragon
77a - 78a