e-texts navigator
Collection
Volume
Page
Wylie

401a1 འཇུག་པར་བྱེད་ན། ཀུན་དགའ་བོ། འདི་ཉིད་ད་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ། །ཀུན་དགའ་བོ། ཛམྦུའི་གླིང་གི་གླིང་ལྟའང་ཞོག། ཤར་གྱི
401a2 ལུས་འཕགས་ཀྱི་གླིང་ལྟའང་ཞོག་གི། ཀུན་དགའ་བོ། ནུབ་ཀྱི་བ་གླང་སྤྱོད་ཅེས་བྱ་བའི་གླིང་ཞེང་དུ་དཔག་ཚད་དགུ་སྟོང་། ཆུར་ཡང་དཔག་ཚད་དགུ་སྟོང་པ་ཀུན་ནས་ཟླ་བ་ཉ་བ
401a3 ལྟ་བུ་ཞིག་ཡོད་དེ། དེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་གཅིག་ཕྱིར་འོང་བ་རྣམས་དང་།
401a4 ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་དེ་བཞིན་གཤེགས
401a5 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་དུ་བྱེད་དུ་འཇུག། སྲོག་ཤིང་ཁབ་ཙམ
401a6 འཛུགས་སུ་འཇུག། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ
401a7 འཇུག་པར་བྱེད་ན། ཀུན་དགའ་བོ། འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་ང་སྨྲའོ། །ཀུན་དགའ་བོ། ཛམྦུའི་གླིང་གི་གླིང་ལྟའང་ཞོག། ཤར་གྱི་ལུས་འཕགས




iiif viewer powered by OpenSeadragon

400b - 401b

Texts on this page

H336 - khang bu brtsegs pa'i mdo