| | e-texts navigator
|
397b1 བའི་དཀྱིལ་འཁོར་གཏོང་བ་མཐོང་ངོ་། །མཐོང་ནས་ཀྱང་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། །ཅི་ཡི་ཕྱིར་ན་སྒྲ་གཅན་ཁྱོད། །ལུས་ཀྱང་རྡུལ་ཅིང་སྐྲག་གྱུར་ལ། །ནད་པ་བཞིན་དུ་བརྟད་པ
397b2 ཡིས|་|རིངས་པར་ཟླ་བ་གཏོང་བར་བྱེད། སྒྲ་གཅན་གྱིས་སྨྲས་པ། སངས་རྒྱས་ཚིགས་བཅད་འདི་བརྗོད་པས། །གལ་ཏེ་ཟླ་བ་མ་བཏང་ན། །བདག་གི་མགོ་བོ་ཚལ་བདུན་འགས། །
397b3 གསོན་ཡང་བདེ་བར་མི་འགྱུར་རོ། །རྣམ་པར་སྣང་བྱེད་ཀྱི་བུ་ཆེན་པོས་སྨྲས་པ། ཀྱེ་མ་བདེན་པ་གཟིགས་པ་ཡི། །སངས་རྒྱས་རྣམས་ནི་འབྱུང་བ་རྨད། །དེ་དག་གིས་ནི་ཚིགས་སུ
397b4 བཅད། །བརྗོད་ན་སྒྲ་གཅན་ཟླ་བ་གཏོང་། །ཟླ་བའི་མདོ་རྫོགས་སོ།། །།རྒྱ་གར་སྐད་དུ། ཀཱུ་ཊཱ་གཱ་ར་སཱུ་ཏྲ། བོད་སྐད་དུ། ཁང་བུ་བརྩེགས་པའི་མདོ། ཐམས་ཅད་མཁྱེན
397b5 པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན
397b6 བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བཙལ་ཏེ་ཕྱོགས
397b7 གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཕྱག་དར་བགྱིས་པས
iiif viewer powered by OpenSeadragon
397a - 398a