e-texts navigator
Collection
Volume
Page
Wylie

327b1 མིག་ཆགས་སེམས་ཁོང་ཆུད་པ་ལྟར། །དེ་བཞིན་ཆོས་ནི་སྤངས་ནས་ཀྱང་། །ཆོས་མིན་རྗེས་སུ་འཇུག་བྱེད་པའི། །བྱིས་པ་འཆི་བ་དག་དབང་འགྲོ་ཞིང་། །མིག་ཆག་བཞིན
327b2 དུ་བཅོམ་པ་ཐོབ། །གང་ཞིག་བྱ་བ་རྣམ་སྤངས་ནས། །མི་བྱ་བ་དག་བྱེད་པ་དང་། །བག་མེད་པ་ཡིས་རློམ་བྱེད་པ། །དེ་དག་རྣམས་ཀྱི་ཟག་པ་འཕེལ། །གང་གིས་ཟག་པ་འཕེལ
327b3 འགྱུར་པ། །དེ་ཡི་ཟག་མེད་རྒྱང་མ་ན། །གང་ཞིག་ལུས་གཏོགས་ལྡན་པ་དག་།རྟག་ཏུ་ལེགས་པར་བརྩམས་པ་དང་། །བྱ་བ་མ་ཡིན་མི་བྱེད་ཅིང་། །རྒྱུན་དུ་བྱ་བ་བྱེད
327b4 པ་དང་། །དྲན་དང་ཤེས་བཞིན་ལྡན་པ་དེའི། །ཟག་པ་རྣམས་ནི་ཟད་པར་འགྱུར། །གང་གི་ཟག་པ་ཟད་གྱུར་པ། །དེས་ནི་ཟག་མེད་ཐོབ་པར་འགྱུར། །ཇི་ཙམ་མང་དུ་སྨྲ
327b5 བྱེད་པ། །དེ་དག་དམ་ཆོས་འཛིན་མ་ཡིན། །གང་དག་འདི་ན་ཐོས་ཉུང་ཡང་། །ལུས་ཀྱིས་ཆོས་དག་མངོན་སུམ་བྱས། །གང་དག་ཆོས་ལ་བག་བྱེད་པ། །དེ་དག་དམ
327b6 ཆོས་འཛིན་པ་ཡིན། །གལ་ཏེ་རིགས་བཅས་མང་དུ་སྨྲས་ཀྱང་ནི། །བག་མེད་མི་དག་དེ་ལྟར་བྱེད་མི་འགྱུར། །དཔེར་ན་ཕྱུགས་རྫིས་གཞན་གྱི་ཕྱུགས་བགྲངས་ལྟར། །དེ
327b7 དག་དག་སྦྱོང་སྐལ་པ་ཐོབ་མ་ཡིན། །གལ་ཏེ་རིགས་བཅས་ཉུང་དུ་སྨྲ་བྱེད་ཀྱང་། །ཆོས་ཀྱི་རྗེས་སུ་ཆོས་ལ་སྤྱོད་པ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་སྤོང་བྱད་པ། །དེ




iiif viewer powered by OpenSeadragon

327a - 328a

Texts on this page

H330 - ched du brjod pa'i tshoms