e-texts navigator
Collection
Volume
Page
Wylie

304a1 པོ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་དང་། ནོར་རྫས་དང་། ཡོ་བྱད་མང་བ་དང་། བདག་དབང་བ་བདག་གིར་བྱ་བ་མང་བ་དང་། ནོར་དང་། འབྲུ
304a2 དང་། དབྱིག་དང་། གསེར་དང་། མཛོད་དང་། བང་བའི་ཚོགས་མང་བ་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་དང་། ལུག་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ
304a3 དང་། བློན་པོ་དང་། མཛའ་བཤེས་དང་། གཉེན་དང་། སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ། དགེ་སློང་དག། འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང
304a4 ཟག་སྦྱིན་པ་པོའི་ཕན་ཡོན་གཉིས་པ་ཡིན་ནོ། །དགེ་སློང་དག་།གཞན་ཡང་། གཟུགས་བཟང་པོ་དང་། བལྟ་ན་སྡུག་པ་དང་། མཛེས་པ་དང་། མདོག་གསེར་ལྟར་བཟང་བ་དང་།
304a5 མགོ་གདུགས་ལྟར་ཟླུམ་པ་དང་། ལག་པ་རིང་བ་དང་། དཔྲལ་བ་དབྱེས་ཆེ་བ་དང་། སྨིན་མཚམས་བར་མ་ཆད་པ་དང་། ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ལྡན
304a6 པ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་ཏེ། དགེ་སློང་དག། འདི་དག་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན
304a7 གསུམ་པ་ཡིན་ནོ། །དགེ་སློང་དག་།གཞན་ཡང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་། བུ་སྟོང་གིས་བསྐོར་བར་འགྱུར་ཏེ།




iiif viewer powered by OpenSeadragon

303b - 304b

Texts on this page

H324 - 'phags pa de bzhin gshegs pa'i gzugs brnyan bzhag pa'i phan yon yang dag par brjod pa zhes bya ba'i chos kyi rnam grangs