| | e-texts navigator
|
301a1 རྟེན་འཇི་བ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས་ནས་ཀྱི་འབྲུ
301a2 ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། །ཀུན་དགའ་བོ། ཛམྦུའི་གླིང་ལྟའང་ཞོག། ཤར
301a3 གྱི་ལུས་འཕགས་ཀྱི་གླིང་ལྟའང་ཞོག་། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལྟའང་ཞོག་།བྱང་གི་སྒྲ་མི་སྙན་གྱི་གླིང་ལྟའང་ཞོག་།ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར
301a4 རྒྱལ་བྱེད་ཅེས་བྱ་བ་ལྟའང་ཞོག་སྟེ། ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ|་རིགས་བུ་མོ་དད་པ་གང་ལ་ལ་ཞིག
301a5 གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་གཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས
301a6 དང་|་རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
301a7 སངས་རྒྱས་ཡོངས་སུ་མྱ་ངན་ལས་འདྲས་པའི་མཆོད་རྟེན་འཇི་བ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི
iiif viewer powered by OpenSeadragon
300b - 301b