e-texts navigator
Collection
Volume
Page
Wylie

264b1 འདི་དག་ནི་སྐྱེ་མཆེད་བཅུ་གཉིས་ཞེས་བྱའོ། །དགེ་སློང་དག་།དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད
264b2 རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་། གཟུགས་།མིང་དང་། གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི
264b3 རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན
264b4 གྱིས་རྒ་ཤི་དང་། མྱ་ངན་དང་། སྨེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན
264b5 པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །མ་རིག་པ་འགགས་པས་འདུ་བྱེད་འགག་།འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་།རྣམ་པར་ཤེས་པ་འགགས་པས་མིང་དང
264b6 གཟུགས་འགག་། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་།སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་།རེག་པ་འགགས་པས་ཚོར་བ་འགག་།ཚོར་བ་འགགས
264b7 པས་སྲེད་པ་འགག་། སྲེད་པ་འགགས་པས་ལེན་པ་འགག་།ལེན་པ་འགགས་པས་སྲིད་པ་འགགས་།སྲིད་པ་འགགས་པས་སྐྱེ་བ་འགག་།སྐྱེ་བ་འགགས་པས་རྒ་ཤི་དང་། མྱ




iiif viewer powered by OpenSeadragon

264a - 265a

Texts on this page

H321 - don rnam par nges pa zhes bya ba'i chos kyi rnam grangs