| | e-texts navigator
|
260b1 ཤིག་|བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཡིད་ལ་བྱེད་དེ་མངོན་པར་དགའོ། །མུན་གྱི་ནགས་ཚལ་གྱི་སྒོ
260b2 ཞེས་བྱ་བའི་མདོ་རྫོགས་སོ། ། །།བྱང་ཕྱོགས་རྒྱུད་ཀྱི་ཕྲེང་བའི་མདོ་ཁྲི་བའི་ནང་ནས་ཡུལ་ཟ་ལེནྡྲའི་བྱང་ཕྱོགས་ཀྱི་མཚམས་ཀྱི་རི་ཨུ་ཤི་རིའི་བསྔགས་པའོ།། །།རྒྱ་གར་སྐད་དུ། པི་ཏྲྀ་མཱ་ཏྲཱྀ་སཱུ་ཏྲ། བོད་སྐད་དུ། ཕ་མའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག
260b3 ན|་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེར
260b4 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ
260b5 དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་།རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་།ཁྱིམ་གང་དག་ན་ཕ་མ
260b6 གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་དཔོན་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།
iiif viewer powered by OpenSeadragon
260a - 261a