| | e-texts navigator
|
213b1 སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་མ་ཡིན་པའང་ཡོད། སྦྱངས་པའང་མ་ཡིན་སྦྱངས་པ་སྨྲ་བ་མ་ཡིན་པའང་ཡོད་དོ། །དེ་ལ་སྦྱངས་པའང་ཡིན། སྦྱངས་པ་སྨྲ་པའང་ཡིན་པའང་ཡོད་ཅེས་བྱ
213b2 བ་ནི། དགྲ་བཅོམ་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་ལྡན་པའོ། །སྦྱངས་པ་མ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པའང་ཡོད་ཅེས་བྱ་བ་ནི། དགྲ་བཅོམ་པ་སྦྱངས་པའི་ཡོན
213b3 ཏན་ཡང་དག་པར་བླངས་པ་དང་མི་ལྡན་པའོ། །སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་མ་ཡིན་པའང་ཡོད་ཅེས་བྱ་བ་ནི། སློབ་པའམ། སོ་སོའི་སྐྱེ་བོ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ
213b4 དང་ལྡན་པའོ། །སྦྱངས་པའང་མ་ཡིན་སྦྱངས་པའི་ཡོན་ཏན་སྨྲ་བའང་མ་ཡིན་པའང་ཡོད་ཅེས་བྱ་བ་ནི། སློབ་པའམ། སོ་སོའི་སྐྱེ་བོ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་མི
213b5 ལྡན་པའོ། །སྦྱངས་པའི་ཡོན་ཏན་གྱི་མཚན་ཉིད་ནི་ཅི་ཡིན། མནོག་ནི་ཅི་ཡིན། ཉེ་བར་གནས་པ་ནི་ཅི་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་གྱི་མཚན་ཉིད་ནི་འདོད་པ་ཆུང་བ་ཉིད་དོ། །
213b6 མནོག་ནི་ཆོག་ཤེས་པའོ། །ཉེ་བར་གནས་པ་ནི་ཡོ་བྱད་བསྙུངས་པའོ། །རྣམ་པ་གཅིག་ཏུ་ན་མཚན་ཉིད་ནི་མ་འབགས་པའོ། །མནོག་ནི་ཉེས་དམིགས་མེད་པའོ། །ཉེ་བར་གནས་པ་ནི
213b7 བརྩོན་པ་མི་འདོར་བའོ། །སྦྱངས་པའི་ཡོན་ཏན་གྱི་ཐོག་མ་ནི་གང་ཡིན། བར་མ་ནི་གང་ཡིན། ཐ་མ་ནི་གང་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་གྱི་ཐོག་མ་ནི་ཡང་དག་པར་ལེན་པའོ། །བར་མ་ནི
iiif viewer powered by OpenSeadragon
213a - 214a