e-texts navigator
Collection
Volume
Page
Wylie

201b1 ན་ཤྲཱི་གུཔྟ་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ།། །།བོད་སྐད་དུ། མཆོག་ཏུ་གདགས་པའི་མདོ། སངས་རྒྱས་དང་། བྱང་ཆུབ
201b2 སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི
201b3 ཚལ་བྱ་ཀ་ལནྡ་ཀ་གནས་པར་དབྱར་ངས་པར་དམ་བཅས་ཏེ་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།འདི་གསུམ་ནི
201b4 མཆོག་ཏུ་གདགས་པ་ཡིན་ཏེ། གསུམ་གང་ཞེ་ན། སངས་རྒྱས་མཆོག་ཏུ་གདགས་པ་དང་། ཆོས་མཆོག་ཏུ་གདགས་པ་དང་། དགེ་འདུན་མཆོག་ཏུ་གདགས་པའོ། །དེ་ལ་སངས
201b5 རྒྱས་མཆོག་ཏུ་གདགས་པ་གང་ཞེ་ན། སེམས་ཅན་རྐང་མེད་རྣམས་སམ། རྐང་གཉིས་རྣམས་སམ། རྐང་བཞི་རྣམས་སམ། རྐང་མང་རྣམས་སམ། གཟུགས་ཅན་རྣམས་སམ
201b6 གཟུགས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཅན་རྣམས་སམ། འདུ་ཤེས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཡོད་པའང་མ་ཡིན་འདུ་ཤེས་མེད་པའང་མ་ཡིན་པ་གང
201b7 ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་ཡིན་པར་བསྟན་ཏོ། །སངས་རྒྱས་ལ་མངོན་པར་དགའ་བ




iiif viewer powered by OpenSeadragon

201a - 202a

Texts on this page

H307 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo
H308 - mchog tu gdags pa'i mdo