| | e-texts navigator
|
197b1 བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ
197b2 པ|་དགེ་སློང་དག་། ཛམྦུའི་གླིང་པའི་མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་།ཟླ་བ་བཅུ་གཉིས་ལ
197b3 ལོ་གཅིག་ཏུ་བརྩིས་པའི་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་དོ། །དགེ་སློང་དག་།བསླབ་པའི་ཆོས་གང་དག་བསྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྐྱོང་བ
197b4 དང་། འདའ་བར་མི་བྱེད་པ་དང་། དེ་དག་ལས་འདས་པ་སྟོན་པ་དང་། རབ་ཏུ་སྟོན་པ་ནི་ལུས་ཞིག་ནས་བདེ་འགྲོ་རྒྱལ་ཆེན་བཞི་པའི་རིས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ
197b5 དག་དེར་ཡང་ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་། ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་།
197b6 ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ། །དགེ་སློང་དག་།རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལོ་ལྔ་བརྒྱ་གང་ཡིན་པ་དེ་ནི་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ་།
197b7 ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་།ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་ལྔ་བརྒྱ་ནི་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཚེའི་ཚད་དོ། །དགེ་སློང་དག་།བསླབ་པའི་ཆོས་གང
iiif viewer powered by OpenSeadragon
197a - 198a