e-texts navigator
Collection
Volume
Page
Wylie

555b1 མཁས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ལགས། ཀུན་དགའ་བོ། མཁས་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཉིད་ལུགས་བཞིན་འབྱུང་བ་དང་། ལུགས་ལས
555b2 ལྡོག་པ་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི
555b3 རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད
555b4 པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད
555b5 མི་བདེ་བ་དང་། འཁྲུག་པ་དག་འབྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་པས་འདི་མི་འབྱུང་། འདི་འགགས་པས་འདི
555b6 འགག་སྟེ། འདི་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག་།འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་།རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་།
555b7 མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་།སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་།རེག་པ་འགགས་པས་ཚོར་བ་འགག་།ཚོར་བ་འགགས་པས་སྲེད་པ




iiif viewer powered by OpenSeadragon

555a - 556a

Texts on this page

H300 - khams mang po'i mdo