e-texts navigator
Collection
Volume
Page
Wylie

552b1 ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི། བྱིས་པ་ལས་སྐྱེའི། མཁས་པ་ལས་ནི། མ་ལགས་སོ་སྙམ་མོ། །ཀུན་དགའ་བོ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ།
552b2 འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི། བྱིས་པ་ལས་སྐྱེའི། མཁས་པ་ལས་ནི། མ་ཡིན་ནོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག
552b3 པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི། བྱིས་པ་ལས་སྐྱེའི། མཁས་པ་ལས་ནི། མ་ཡིན་ནོ། །ཀུན་དགའ་བོ། དཔེར་ན། འདམ་བུ་སྐམ་པོའི་ཁང་པའམ། རྩཝ་སྐམ་པོའི
552b4 ཁང་པའམ། སོག་མ་སྐམ་པོའི་ཕུང་པོ་དག་ལ་མེ་བཏང་ན་དེ་རྣམས་ཀྱང་ཚིག་པར་བྱེད་དོ། །དེ་བཞིན་དུ་འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི། བྱིས་པ་ལས་སྐྱེའི།
552b5 མཁས་པ་ལས་ནི། མ་ཡིན་ནོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི། བྱིས་པ་ལས་སྐྱེའི། མཁས
552b6 པ་ལས་ནི། མ་ཡིན་ནོ། །ཀུན་དགའ་བོ། འདས་པའི་དུས་སུ་འཇིགས་པ་གང་དག་བྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི། བྱིས་པ་ལས་སྐྱེའི། མཁས་པ་ལས་ནི། མ་ཡིན་ནོ། །ཡམས
552b7 ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་བྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི། བྱིས་པ་ལས་སྐྱེའི། མཁས་པ་ལས་ནི། མ་ཡིན་ནོ། །ཀུན་དགའ




iiif viewer powered by OpenSeadragon

552a - 553a

Texts on this page

H300 - khams mang po'i mdo