e-texts navigator
Collection
Volume
Page
Wylie

552a1 མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ།
552a2 དབེན་པར་སོང་སྟེ་ནང་དུ་ཡང་དག་བཞག་ནས་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི།
552a3 བྱིས་པ་ལས་སྐྱེའི། མཁས་པ་ལས་ནི། མ་ཡིན་ནོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས
552a4 ཅད་ནི|་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི། མ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ། ཕྱེམ་རེད་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ
552a5 དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ
552a6 ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འདིར་བདག་གཅིག་པུ་དབེན་པར་མཆིས་ཏེ་ནང་དུ་ཡང་དག་བཞག་ན་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག
552a7 སྐྱེས་ཏེ|་འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི། བྱིས་བ་ལས་སྐྱེའི། མཁས་པ་ལས་ནི། མ་ལགས་སོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་།




iiif viewer powered by OpenSeadragon

551b - 552b

Texts on this page

H300 - khams mang po'i mdo