e-texts navigator
Collection
Volume
Page
Wylie

481a1 གྲོལ་བས་བདག་ནི། སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ། །ཞེས་རྣམ་པར་གྲོལ་བ་ཡེ་ཤེས
481a2 མཐོང་བ་ཁོ་ནར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པས་སྟོང་ཡང་འདི
481a3 ལ་འདི་ལྟ་སྟེ། སྲོག་རྐྱེན་དུ་བྱས་པའི་སྐྱེ་མཆེད་དྲུག་གི་ལུས་འདི་ཁོ་ན་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ་སྙམ་མོ། །དེ་ལ་འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ
481a4 རིགས་པའི་ཟག་པ་ལ་བརྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ། སྲོག་རྐྱེན་དུ་བྱས་པའི་སྐྱེ་མཆེད་དྲུག་གི་ལུས་དེ་ཁོ་ན་ལ་བརྟེན་པ་ཙམ
481a5 གྱི་ཉོན་མོངས་པའི་གནས་ནི། ཡོད་དོ། །ཀུན་དགའ་བོ། དེ་ལྟ་བས་ན། གང་ལ་གང་མེད་པ་དེ་དེས་སྟོང་ངོ་། །ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་། དེ་ལ་ལྷག་མ་གང
481a6 ཡོད་པ་དེ་དེ་ལ་ཡོད་དོ། །ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ། འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་མངོན་པར་འདུས་མ
481a7 བྱས་པ་རྣམ་པར་གྲོལ་བ་གང་ཡིན་པ་འདི་ནི། སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་ཡིན་ནོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི




iiif viewer powered by OpenSeadragon

480b - 481b

Texts on this page

H293 - mdo chen po stong pa nyid ces bya ba