e-texts navigator
Collection
Volume
Page
Wylie

467b1 བཀའ་སྩལ་ནས་དགེ་སྦྱོང་དེ་དག་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བར་སྡོམ་ནི། སྨྱོན་པ་དང་ནི་སྒྱུ་མ་དང་། །ར་རོ་བ་དང་སྒྲ་བརྙན་དང་། །གཤེད
467b2 མ་དང་ནི་མེ་ལོང་དང་། ཟས་སྦྱིན་པ་དང་སྨིག་རྒྱུ་དང་། རྐུན་པོས་གཙེས་པ་གྲོང་ནས་དང་། རྨི་ལམ་དགའ་སྤྱོད་པ་མ་ཏོག་།ནོར་བུ་དཔུང་རྒྱན་རྣམས་དག་ནི། །སྒྱུ་མའི་དྲ་བ་ཀུན་བསྡུས
467b3 པའོ|་|མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་ཛ་ན་མི་ཏྲ་དང་། པྲ་ཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར
467b4 ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱ་གར་སྐད་དུ། བིམྦི་སཱ་ར་པྲ་ཏྱུངྒ་མ་ན་ནཱ་མ་མ་ཧཱ་སཱུ་ཏྲཾ། བོད་སྐད་དུ། མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་བ་ཞས་བྱ་བ། དཀོན་མཆོག
467b5 གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགེ་སློང་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་སྔོན་རལ་པ་ཅན་ཐམས
467b6 ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས
467b7 པ་ཨས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་ཅིག་ཏུ་ཡུལ་མ་ག་དྷ་ར་ཡུལ་རྒྱུ་ཞིང་གཤེགས་པ་ན་མ་ག་དྷ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨྱིག་མའི་ནགས་ཁྲོད




iiif viewer powered by OpenSeadragon

467a - 468a

Texts on this page

H291 - mdo chen po sgyu ma'i dra ba zhes bya ba
H292 - mdo chen po gzugs can snying pos bsu ba zhes bya ba