| | e-texts navigator
|
466b1 ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ
466b2 ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ
466b3 ཉིད་ཡིན། རྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཅན་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རེ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས
466b4 དེ་ལ་ནི|་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པར་བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས
466b5 ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི། བདེན་ནོ། །ཞེས་ད་ལྟར་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་ཤེས་ནས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ
466b6 འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག
466b7 མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང
iiif viewer powered by OpenSeadragon
466a - 467a