e-texts navigator
Collection
Volume
Page
Wylie

466a1 རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི། འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ནོར་བུ་དག་གམ། རྣ་ཆ་གདུབ་ཀོར་དག་གམ།
466a2 མགུལ་རྒྱན་དག་གམ། གདུབ་བུ་རྒྱན་ཅན་དག་གམ། དབུང་རྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། སོར་གདུབ་རྒྱན་དག་གམ། གསེར་དང་། དངུལ་གྱི་ཕྲེང་བ
466a3 འདི་དག་ནི། བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ། །སེམས་ཅན་བྱིས་པའི་རང་བཞིན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ
466a4 དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི། འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ནོར་བུ་དག་གམ། རྣ་ཆ་གདུབ་ཀོར་དག་གམ། མགུལ་རྒྱན་དག་གམ།
466a5 གདུ་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། སོར་གདུབ་རྒྱན་དག་གམ། གསེར་དང་། དངུལ་གྱི་ཕྲེང་བ་འདི་དག་ནི། བདེན་པ
466a6 དང་གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། གྱི་ན་སྒྱུ་མར་བྱས་པ་འབའ་ཞིག་ཡོད་དོ། །མིག་སླུ་བར་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ་སེམས་སོ། །དགེ་སློང་དག། དེ་བཞིན་དུ
466a7 འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གིས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་གང་དག་ཡིན་པ་འདི་དག




iiif viewer powered by OpenSeadragon

465b - 466b

Texts on this page

H291 - mdo chen po sgyu ma'i dra ba zhes bya ba