e-texts navigator
Collection
Volume
Page
Wylie

465b1 ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ
465b2 བའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོད་པར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི། སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམ
465b3 ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི། བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་ལ་ནི། གཅང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི། བདག་ཏུ་བསམས་ཏེ།
465b4 དེ་ལྟར་ན་བདག་ནི། སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ
465b5 འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ། །དགེ་སློང་དག་།འདི་ལྟ་སྟེ། དཔེར་ན། སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྒྱུ་མ་སྣ
465b6 ཚོགས་འདི་ལྟ་སྟེ། ནོར་བུ་དག་གམ། རྣ་ཆ་གདུབ་ཀོར་དག་གམ། མགུལ་རྒྱན་དག་གམ། གདུབ་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ
465b7 སོར་གདུབ་རྒྱན་དག་གམ། གསེར་དང་དངུལ་གྱི་ཕྲེང་བ་དག་བྱས་ཏེ་རྣམ་པར་བསྟན་པར་གྱུར་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས




iiif viewer powered by OpenSeadragon

465a - 466a

Texts on this page

H291 - mdo chen po sgyu ma'i dra ba zhes bya ba