e-texts navigator
Collection
Volume
Page
Wylie

451a1 ཚ་བར་བྱེད། གནོད་པར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི། སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག
451a2 གིས་སྡུག་བསྔལ་བ་ཁོ་ན་ལ་ནི། བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་ལ་ནི། གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི། བདག་ཏུ་བསམས་ཏེ། དེ་ལྟར་ན
451a3 བདག་ནི། སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ
451a4 ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ། །དགེ་སློང་དག་།འདི་ལྟ་སྟེ། དཔེར་ན། ཆུ་ཀླུང་གི་འགྲམ་མ་མྱུར་པོ་ཆེའི་འགྲམ་ན་སྒྲ་བརྙན་གྱི་སྒྲ་གྲགས་པར་གྱུར་ན། དེ་ལ་སེམས་ཅན་བྱིས
451a5 པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་བའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི། འདི་སྙམ་དུ་སེམས་ཏེ། གང་ལས་སྒྲ་འདི་གྲག
451a6 པའི་སེམས་ཅན་དེ་ནི། བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ། །སེམས་ཅན་བྱིས་པའི་རང་བཞིན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་།
451a7 ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི། འདི་སྙམ་དུ་སེམས་ཏེ། གང་ལས་སྒྲ་འདི་གྲག་པའི་སེམས་ཅན་དེ་ནི། བདེན་པ་དང་། གནས་པའི་སྒོ་ནས་ཡོད




iiif viewer powered by OpenSeadragon

450b - 451b

Texts on this page

H291 - mdo chen po sgyu ma'i dra ba zhes bya ba