| | e-texts navigator
|
448a1 པ་མ་ཡིན་ཏེ། སྒྱུ་མར་བྱས་པ་འདི་འབའ་ཞིག་ཡོད་དོ། །མིག་སླུ་བའི་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ་སེམས་སོ། །དགེ་སློང་དག་།དེ་བཞིན་དུ་འཕགས་པ་ཉན
448a2 ཐོས་ཐོས་པ་དང་ལྡན་པའང་བདག་གི་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ། བརྟན་པ
448a3 ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ
448a4 བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པའང་དེ་ཉིད་ཡིན། རྫུན་པའང་དེ་ཉིད་ཡིན། སླུ་བའི་ཆོས
448a5 ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོའང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི། མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད
448a6 པར་བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ
448a7 ནི|་བདེན་ནོ། །ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་ཤེས་ནས་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་ནང་དུ་ཡང
iiif viewer powered by OpenSeadragon
447b - 448b