| | e-texts navigator
|
109b1 བཞིན་གཤེགས་པ་རྔའི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔའ་བརྟན་བདེ་འཇོམས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་འོད་ཟེར་འབྱིན
109b2 དཔལ་བརྩེགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་བརྟན་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་ཆུ་རྣམ་པར་དག་པ
109b3 ནམ་མཁའ་རིན་ཆེན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་འོད་ཀྱི་དཔལ་རི་རབ་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་ཡེ་ཤེས་སྐར་མདའ་དབྱངས
109b4 ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དབང་པོའི་དཔལ་གྱི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེ་ཏོག་པདྨོ་ཤིན་ཏུ་བརྟན་པའི་རི་དབང་རྒྱལ་པོ་ལ
109b5 ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མུན་པ་མི་སྣང་བས་བསྒྲིབས་པའི་ལིང་ཏོག་འཇོམས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་པདྨོའི་གདན་ལ་རྣམ་པར་རོལ་པའི
109b6 རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་དཔལ་འོད་མདངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད་སྨན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ
109b7 བཞིན་གཤེགས་པ་རིན་ཆེན་ཟླ་བ་ཁྱུ་མཆོག་སྨན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐར་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐར་མ་མཆོག་གི་རྒྱལ་པོ
iiif viewer powered by OpenSeadragon
109a - 110a