e-texts navigator
Collection
Volume
Page
Wylie

106b1 འོད་ཟེར་ཀུན་ཏུ་སྒོ་བ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱན་གྱི་གདུགས་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར
106b2 བསྒྲགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གློག་གི་མར་མེ་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མུན་པ་མཐའ་ཡས་ཤིན་ཏུ་བྲལ་བའི་རྒྱལ་པོ་ལ་ཕྱག
106b3 འཚལ་ལོ། །དེ་བཞིན་གཤེགས་པ་དགེ་བ་རབ་ཏུ་གྲགས་པ་གཏེར་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དམ་པའི་ཆོས་སྐྱོང་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས
106b4 པ་དམ་པའི་ཆོས་ཀྱི་གཞལ་མེད་ཁང་སྒྲོག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཕྱོགས་ཐམས་ཅད་ཀྱི་མར་མེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་རིན
106b5 ཆེན་ཀུན་ཏུ་འབར་བའི་དཔལ་ཡོན་ཏན་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཛམྦུའི་གསེར་མདངས་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ
106b6 མདངས་འབར་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་བའི་དཔལ་གྱི་སྙིང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་བཟང་དཔལ་གྱི་རྒྱལ་པོ
106b7 ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེ་ཏོག་དྲི་ཐམས་ཅད་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེ་ཏོག་ཐམས་ཅད་ཀྱི་དྲིའི་དབང་ཕྱུག་གི་རྒྱལ་པོ་ལ་ཕྱག་འཚལ




iiif viewer powered by OpenSeadragon

106a - 107a

Texts on this page

H264 - sangs rgyas kyi mtshan lnga stong bzhi brgya lnga bcu rtsa gsum pa