| | e-texts navigator
|
105b1 དབྱིངས་ཕྱོགས་ཀུན་ཏུ་གསལ་བར་འབར་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་རྒྱ་མཚོའི་འོད་སྒྲོག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན
105b2 གྲགས་པ་མི་མཚུངས་པ་རྣམ་པར་ཐར་པའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་གྲོང་ཁྱེར་འོད་མར་མེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ
105b3 ཆོས་ནམ་མཁའ་གྱེན་དུ་བྱུང་བའི་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་འོད་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཐམས་ཅད
105b4 རྒྱ་མཚོའི་དབྱིངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་རི་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་སྤྲིན་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན
105b5 གཤེགས་པ་ཡེ་ཤེས་སྐར་མདའ་སྣང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་སྟོན་པའི་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་འོད་ཟེར
105b6 རི་བོ་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རི་དབང་དཔལ་གྱི་སྙིང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་གཙུག་ཀུན་ཏུ་སྣང་བའི་རྒྱལ་པོ་ལ་ཕྱག
105b7 འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་སེངྒེ་དཔལ་གྱི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བའི་ཉི་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས
iiif viewer powered by OpenSeadragon
105a - 106a