e-texts navigator
Collection
Volume
Page
Wylie

105a1 རྒྱ་གར་སྐད་དུ། བུདྡྷ་ནཱ་མ་ས་ཧ་སྲ་པཉྩ་ཤ་ཏ་ཙ་ཏུར་ཏྲི་པཉྩ་ད་ཤ། བོད་སྐད་དུ། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ། བམ་པོ་དང
105a2 བོ|་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་ནམ་མཁའ་དཔལ་གྱི་རྒྱལ་པོ་མི་མཚུངས་པའི་སྤྱན་ཡོན་ཏན་ཤིན་ཏུ་བཟང
105a3 པ་ཨོ་དཔལ་གྱི་འོད་མེ་ཏོག་པདྨོ་བཻ་ཌཱུཪྱའི་འོད་ཟེར་སྐུ་གཟུགས་རིན་ཆེན་དྲི་མཆོག་དམ་པས་མཆོད་པ་གཙུག་ཏོར་སྨིན་མཚམས་མཆོག་གིས་བརྒྱན་པ་ཉི་ཟླ་གྲངས་མེད་པ་བཞིན་དུ་སྣང་བ
105a4 སྨོན་ལམ་གྱིས་རབ་ཏུ་བརྒྱན་པར་སྤྲུལ་པ་ཤིན་ཏུ་མངའ་བ་ཆོས་ཀྱི་དབྱིངས་ལས་བྱུང་བ་ཆགས་པ་མེད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྨིན་མཚམས་ཉི་མ་བཞིན་དུ
105a5 འ་བར་བ་རིན་ཆེན་ཟླ་བ་མེ་ཏོག་པདྨོ་གསེར་སྟུག་པོ་ལྟ་བུའི་སྐུ་རྣམ་པར་སྣང་བས་ཐོགས་པ་མེད་པའི་སྤྱན་མང་པོ་ཕྱོགས་བཅུར་འོད་ཟེར་གྱིས་ཁྱབ་པར་མཛད་ཅིང་འཇིག་རྟེན་གྱི་ཁམས་ཐམས
105a6 ཅད་དུ་སྣང་བའི་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཛམྦུའི་གླིང་གི་རྡུལ་ཕྲ་མོ་སྙེད་ཀྱི་བསྐལ་པ་ཆེན་པོར་འཁོར་བ་ལས་མཚན་ཙམ་འཛིན་མ་ལུས་པ་ཐར་པ
105a7 ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྙིང་རྗེའི་འོད་ཟར་ཆོས་རྒྱ་མཚོའི་འོད་ཟེར་སྙེད་སྒྲོག་པའི་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པས་ཡེ་ཤེས་རི་བོ་ཆོས་ཀྱི




iiif viewer powered by OpenSeadragon

104b - 105b

Texts on this page

H264 - sangs rgyas kyi mtshan lnga stong bzhi brgya lnga bcu rtsa gsum pa