| | e-texts navigator
|
108b1 དེ་ལྟར་མཆོད་སྦྱིན་ཡངས་ཤིང་རྒྱ་ཆེ་བ། །མཆོད་སྦྱིན་མཐུན་པའི་ལམ་དུ་མི་འགྲོ་ལ། །དེ་ལྟར་སྟོང་གི་མཆོད་སྦྱིན་སྟོང་རྣམས་ཀྱང་། །དེ་ཡི་བཅུ་དྲུག་ཆར་ཡང་མི་ཕོད་དོ། །ལ
108b2 ལ་གང་དག་གཟུ་ལུམས་མ་ཡིན་པ། །ཆོས་བཞིན་ནོར་རྣམས་ཐོབ་པ་གཏོང་བྱེད་པ། །དེ་དག་གཏང་དཀའ་དེ་རྣམས་བཏང་བས་ན། །རང་གི་བསོད་ནམས་ཀྱིས་ནི་ལྷ་གནས
108b3 འགྲོ་། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཆོས་གསུམ་པ་ཞེས
108b4 བྱ་བའི་མདོ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དེ་བ་ཙནྡྲས་བསྒྱུར། ལོ་ཙ་བ་དཔལ་བརྩེགས་ཀྱིས་ཞུས་ཏེ
108b5 གཏན་ལ་ཕབ་པ། རྒྱ་གར་སྐད་དུ། ཨཱཪྱ་དྷརྨ་ཀེ་ཏུ་དྷྭ་ཛ་པ་རི་པྲྀཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱིས་ཞུས་པ་ཞེས་བྱ་བ་ཐེག
108b6 པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས
108b7 མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ
iiif viewer powered by OpenSeadragon
108a - 109a