| | e-texts navigator
|
107a1 རྒྱ་གར་སྐད་དུ། ཏྲི་དྷརྨ་ཀ་ནཱ་མ་སཱུ་ཏྲ། བོད་སྐད་དུ། ཆོས་གསུམ་པ་ཞེས་བྱ་བའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས
107a2 དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས
107a3 སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ
107a4 སློང་དག་། འདི་ན་མི་བླུན་པོ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་དང་ལྡན་ན། སྦྱིན་པ་དག་མི་སྦྱིན་ཞིང་བསོད་ནམས་དག་མི་བྱེད་ལ། ཚུལ་ཁྲིམས་ཡང་དག
107a5 པར་བླངས་ནས་གནས་པར་མི་བྱེད་དོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། སེར་སྣ་དང་། བག་མེད་པ་སྟེ། དགེ་སློང་དག་།འདི་ན་མི་བླུན་དེ
107a6 ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་པོ་དེ་དག་དང་ལྡན་པས་སྦྱིན་པ་དག་མ་བྱིན་ཞིང་བསོད་ནམས་དག་མ་བྱས་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ
107a7 གནས་པར་མ་བྱས་པས། ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དགེ་སློང་དག
iiif viewer powered by OpenSeadragon
106b - 107b