| | e-texts navigator
|
339b1 བ་རྒྱད་འབུམ་ལ་ལྷ་མ་ཡིན་གྱི་རྒྱལ་པོ་རེ་རེའང་འཁོར་ལྷ་མ་ཡིན་འབུམ་ཕྲག་གྲངས་མེད་པ་དག་དང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག
339b2 བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ལྷ་མ་ཡིན་གྱི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ་།ཡང་དེའི་ཚེ་ནམ
339b3 མ་ཁའ་ལྡིང་གི་རྒྱལ་པོ་དྲི་ཟའི་གླང་པོ་ལ་སོགས་པ་ནམ་མཁའ་ལྡིང་གི་རྒྱལ་པོ་ས་ཡ་ཕྲག་བཞི་དང་དགུ་འབུམ་ལ་ནམ་མཁའ་ལྡིང་གི་རྒྱལ་པོ་རེ་རེ་ལའང་འཁོར་ནམ་མཁའ་ལྡིང་འབུམ་ཕྲག་གྲངས་མེད་པ་དག
339b4 དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ནམ་མཁའ་ལྡིང་གི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས
339b5 དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ་། ཡང་དེའི་ཚེ་མིའམ་ཅིའི་རྒྱལ་པོ་ལེགས་མཐོང་ལ་སོགས་པ་མི་འམ་ཅིའི་རྒྱལ་པོ་ས་ཡ་ཕྲག་དགུ་དང་བརྒྱད་འབུམ་ལ་མི་འམ
339b6 ཅིའི་རྒྱལ་པོ་རེ་རེའང་འཁོར་མིའམ་ཅི་འབུམ་ཕྲག་གྲངས་མེད་པ་དག་དང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །
339b7 མིའམ་ཅིའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ་།ཡང་དེའི་ཚེ་ལྟོ་འཕྱེ་ཆེན་པོའི་རྒྱལ་པོ་ཡོན་ཏན་ཟླ་བ་ལ་སོགས་པ་ལྟོ
iiif viewer powered by OpenSeadragon
339a - 340a