| | e-texts navigator
|
335b1 པ་རྣམས་ལ་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་དང་ལྡན་པར་བྱས་ཏེ་ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱད་པ་སྤྱོད་ཅིང་རྟག་ཏུ་བསླབ་པའི་གཞི་ལྔ་བཟུང་ན
335b2 དབུལ་པོ་ལ་སོགས་པ་ཁྱིམ་བཀོལ་གྱི་སེམས་ཅན་ཐམས་ཅད་གང་དང་གང་ལ་ཅི་དང་ཅིས་དོན་དུ་འགྱུར་བ་དེ་དང་དེ་ལ་དེ་དང་དེ་བྱིན་ནས་འདུ་ཤེས་བཅུའི་བསྡུ་བས་བསྡུས་ཏེ་སྤྱོད་པར་བྱེད་ཅིང་། སེམས་ཅན
335b3 བ་ཡེ་བ་ཕྲག་མང་བོ་དག་རིམ་བཞིན་དུ་བརྟུལ་ཏེ་སེམས་ཅན་དེ་དག་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཤེས་ནས་སྤྲིན་ཆེན་པོའི་མདོ་འདི་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ
335b4 མཚུངས་པ་མེད་པའི་མདོ་རིན་པོ་ཆེའི་དམ་པའི་ཆོས་བསྟན་པ་འབྱུང་བར་བྱ་བའི་ཕྱིར་ཅིའི་ཐབས་ཀྱིས་ཀྱང་མཚུངས་པ་མེད་པའི་སྒྲ་སྒྲོག་པར་བྱེད་ཅིང་། མཚུངས་པ་མེད་པའི་གླེགས་བམ་བྲིས་པའི་སྣོད
335b5 སངས་རྒྱས་ཀྱིས་གང་དང་གང་དུ་བྱིན་གྱིས་བརླབས་པའི་གནས་རྣམས་སུ་འཇོག་པར་བྱེད་དེ། དེ་ལྟར་མཚུངས་པ་མེད་པའི་ས་བོན་བསྐྱེད་ནས་དེའི་འོག་ཏུ་འཆི་བའི་དུས་བྱེད་པར་འགྱུར་རོ། །དེའི་ཚེ་ལྷ
335b6 མོ་ལོ་ཏོག་འབྱོར་མ། ཤེས་རབ་ཆེན་མོ། ཐབས་མཁས་པ། ཟབ་མོ་ཤེས་པ་དང་ལྡན་པའི་ལྷ་མོ་བུད་མེད་ཀྱི་ལུས་ལས་ལྡོག་པར་འགྱུར་རོ། །སྤྲིན་ཆེན་སྙིང་པོས་གསོལ་པ། བཅོམ་ལྡན་འདས། ཅི་ལྷ
335b7 མོ་འདི་སེམས་ཅན་ཐམས་ཅད་ཀྱི་དད་པ་བསྐྱེད་པའི་སླད་དུ་ཆོ་འཕྲུལ་ཆེན་པོ་བགྱིས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ། ཅི་ལྷ་མོ་འདི་ཆོ་འཕྲུལ་ཆེན་པོ
iiif viewer powered by OpenSeadragon
335a - 336a