e-texts navigator
Collection
Volume
Page
Wylie

323b1 གླིང་ལ་ལར་མངོན་པར་འབྱུང་བའང་སྟོན་ཏེ། སེམས་ཅན་རྣམས་ཀྱིས་མངོན་པར་འབྱུང་བར་ཤེས་ཀྱང་དེ་ལ་མངོན་པར་འབྱུང་བའི་འདུ་ཤེས་འཇུག་པའང་མེད་དོ། །ཛམྦུའི་གླིང་ལ་ལར་ནི།
323b2 གཙུག་ཕུད་འབྲེག་པའི་ལས་ལྟ་བུར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་གཙུག་ཕུད་འབྲེག་པའི་ལས་བྱེད་པར་ཤེས་ཀྱང་དེ་ལ་དེའི་འདུ་ཤེས་འཇུག་པའང་མེད་དོ། །ཛམྦུའི་གླིང་ལ་ལར་ནི།
323b3 མཁན་པོའི་ཁྱིམ་དུ་འགྲོ་བ་ལྟ་བུར་སྟོན་ཏེ། བསླབ་པར་བྱ་བའི་ཡི་གེ་སློབ་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་དུ་མར་བསླབ་པའི་བྱ་བ་ཤིན་ཏུ་ཚར་ཕྱིན་པར་བྱས་ཤིང་།
323b4 བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་དུ་མ་ནས་བཟོའི་བྱ་བ་ཐམས་ཅད་ཀྱང་མཐར་ཕྱིན་ཏོ། །ཛམྦུའི་གླིང་ལ་ལར་ནི། མིའི་སེངྒེ་དང་། ངང་པའི་སྟབས་སུ་འགྲོ་བ་ལྟ་བུར་སྟོན་ཏོ། །སེམས་ཅན
323b5 རྣམས་ཀྱིས་མིའི་སེངྒེ་དང་། ངང་པའི་སྟབས་སུ་འགྲོ་བར་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ལ་སོགས་པ་ནས་ངང་པའི་སྟབས་ཀྱིས་འདུ་ཤེས་དེའང་སྤངས་སོ། །ཛམྦུའི་གླིང་ལ་ལར་ནི།
323b6 བུ་དང་ཆུང་མའང་སྟོན་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་འདོད་པ་ལ་ཡོངས་སུ་སྤྱོད་པ་ཤེས་ཀྱང་དེའང་རྟག་ཏུ་ཆོས་འདོད་པ་ལ་ཡོངས་སུ་སྤྱོད་ཀྱི། ཉོན་མོངས་པ་དང་འདོད་པ་ལ་གནས
323b7 པ་མ་ཡིན་ནོ། །ཛམྦུའི་གླིང་ལ་ལར་ནི། བཤང་བ་དང་། གཅི་བ་ལྟ་བུར་སྟོན་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་བཤང་བ་དང་། གཅི་བ་བྱེད་པར་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་གྲངས




iiif viewer powered by OpenSeadragon

323a - 324a

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo