e-texts navigator
Collection
Volume
Page
Wylie

323a1 སྣ་ཚོགས་ཀྱི་ཚུལ་དུ་སྟོན་པ་མཐོང་ན། བསྟན་པའི་རྒྱུས་ཤེས་ཤིང་མཁས་པས་སྐྲག་པར་མི་བྱ། ཀུན་ཏུ་སྐྲག་པར་མི་བྱ། དངང་བར་མི་བྱ། འཇིགས་པར་མི་བྱ། མྱ
323a2 ངན་དུ་མི་བྱ་བར་དེ་ལ་སེམས་ཅན་རྟག་པ་ཉིད་ཀྱི་རང་བཞིན་དུ་བལྟ་བར་བྱའོ། །སྤྲིན་ཆེན་སྙིང་པོ། གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སྟོང་གསུམ་གྱི་སྟོང་ཆེན
323a3 པོའི་འཇིག་རྟེན་གྱི་ཁམས་སུ་འཇིག་རྟེན་དང་མཐུན་པར་འཇུག་པའི་བྱ་བ་རྣམ་པ་གྲངས་མེད། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་རྣམ་པ་སྣ་ཚོགས་སུ་བདག་ཉིད་སྟོན་ཏོ། །ཛམྦུའི
323a4 གླིང་བྱེ་བ་ཕྲག་སུམ་ཁྲི་དག་ཏུའང་གོང་མ་བཞིན་དུ་སྦྱར་རོ། །ད་ལྟ་བུའི་ཚུལ་དུ་བྱེ་བ་ཕྲག་བརྒྱར་བསྒྲེ་བར་བྱ་སྟེ། གོང་མ་བཞིན་དུ་སྦྱར་རོ། །གསོལ་པ། བཅོམ་ལྡན་འདས། ཏིང་ངེ་འཛིན
323a5 འ་དི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་འཇིག་རྟེན་དང་མཐུན་པར་འཇུག་པར་བྱ་བའི་རྣམ་པའི་གྲངས་མ
323a6 མཆིས|་དཔག་ཏུ་མ་མཆིས་པ་རྣམ་པ་སྣ་ཚོགས་སུ་བདག་ཉིད་ཇི་ལྟར་སྟོན་པར་བགྱིད། བཀའ་སྩལ་པ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཛམྦུའི་གླིང་ལ་ལར
323a7 བདག་ཉིད་མངལ་ནས་སྐྱེ་བ་ལྟ་བུ་སྟོན་ཏོ། །སེམས་ཅན་རྣམས་ཀྱིས་བུ་བཙས་པར་ཤེས་ཀྱང་འཁྲིག་པ་ལ་བརྟན་ནས་བྱུང་བའང་མ་ཡིན་ཞིང་བུའི་རང་བཞིན་ཡང་མ་ཡིན་ནོ། །ཛམྦུའི




iiif viewer powered by OpenSeadragon

322b - 323b

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo