| | e-texts navigator
|
309b1 འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་རྟག་པ་ཉིད་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་འདི
309b2 སྙམ་དུ་གཞན་གྱི་དོན་གྱི་ཕྱིར་ལག་པའམ། རྐང་པའམ། བྲན་ཕོ་དང་། བྲན་མོའང་རུང་སྟེ། སེམས་ཅན་གང་དང་གང་ལ་ཅི་དང་ཅིས་དོན་དུ་འགྱུར་བ་དེ་དང་དེ་སྦྱིན་པར་བྱ་སྟེ། བདག་གི་ལུས
309b3 དོན་མེད་པར་མི་འགྱུར་བར་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཀྱི་རྒྱུར་གྱུར་ཅིག་ཅེས་སེམས་སྐྱེད་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་མདོའི་གཞུང་ལུགས་གཞན་དག
309b4 ལས་དགེ་སློང་དག་། མིའི་ལུས་ནི། ཤག་ཤིག་ཏུ་གྱུར་པ་ལྟ་བུ་རྣག་ཅན་གྱི་ལུས་ཡིན་ཏེ། རྫ་མཁན་གྱི་ཕུབ་མ་མི་གཅེས་པ་བོར་བཞིན་དུ་དགོས་པའི་དོན་དག་ལ་དོན་དུ་འགྱུར་བ
309b5 མེད་དོ|་|ཞེས་བཀའ་སྩལ་ན། འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་བདག་གི་ལུས་དོན་མེད་པར་མ་གྱུར་ཅིག་ཅེས་ལུས་ཡོངས་སུ་གཏོང་ངོ་། །ཞེས་བགྱི་བ་བཅོམ་ལྡན་འདས་ཀྱིས་ཅི
309b6 ལ་དགོངས་ཏེ་དེ་སྐད་གསུངས། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ། དེ་ལྟར་མ་ལྟ་ཞིག། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས་ནི་།ཆོས་ཀྱི་ལུས་སོ། །དེ་ཅིའི་ཕྱིར་ཞེ
309b7 ན། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས་ནི། རུས་པ་དང་། ཤ་དང་། ཁྲག་འདུས་པ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཡིན་པས་ན། ཆོས་ཀྱི་ལུས་ཡིན་གྱི། ཤའི་ལུས་མ་ཡིན
iiif viewer powered by OpenSeadragon
309a - 310a