e-texts navigator
Collection
Volume
Page
Wylie

307b1 པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་བསྒྲུབ་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས
307b2 མ་ཉམས་པ་དང་། སྐྱོན་མེད་པ་དང་། མ་འདྲེས་པ་དང་། མ་འཁྲུགས་པར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན
307b3 སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པའི་མཚན་གྱི་སླད་དུ་ཚུལ་ཁྲིམས་མི་སྲུང་ངོ་། །ཞེས་བཅོམ་ལྡན་འདས་དེ་བཞིན
307b4 གཤེགས་པས་ཅི་ལ་དགོངས་ཏེ་དེ་སྐད་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་ཡོན་ཏན་སྒྲུབ
307b5 པ་དེ་དག་ཐམས་ཅད་ཡོད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་འདི་ནི། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ། །སྤྲིན་ཆེན་སྙིང་པོ། དཔེར་ན། ནོར་བུ་རིན
307b6 པོ་ཆེ་བཻ་ཌཱུཪྱ་དུ་མ་དང་། ནོར་ཐམས་ཅད་ཀྱི་བདག་པོར་གྱུར་པ་དེས་བདག་ཉིད་ལ་ཡོད་བཞིན་དུ་བཻ་ཌཱུཪྱའི་ཕྱིར་འདོད་པའི་སེམས་དང་། ཐེ་ཚོམ་སྐྱེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས།
307b7 དེ་ནི|་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་བདག་ཉིད་ལ་ཡོད་བཞིན་དུ་མཚན་གྱི་ཕྱིར་འདོད་པའི་སེམས་སྐྱེད་པ་དེ་ནི། གནས




iiif viewer powered by OpenSeadragon

307a - 308a

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo