e-texts navigator
Collection
Volume
Page
Wylie

305a1 བུའམ|་ཡལ་གའམ། བུར་མའམ། རྩ་བ་དག་ཁྱེར་ཡང་རུང་སྟེ། དེ་འདི་སྙམ་དུ་བདག་གི་རྩ་བ་ཁྱེར་རོ། །བདག་གི་ཤུན་ཕྲགས་ཁྱེར་རོ། །བདག་གི་པྲི་ཁྱེར་རོ། །
305a2 བདག་གི་ལོ་མ་ཁྱེར་རོ། །བདག་གི་མེ་ཏོག་ཁྱེར་རོ། །བདག་གི་འབྲས་བུ་ཁྱེར་རོ། །བདག་གི་མགོ་ཐོག་ཁྱེར་རོ། །བདག་གི་སྡོང་བུ་ཁྱེར་རོ། །བདག་གི་ཡལ་ག་ཁྱེར་རོ། །བདག་གི་བུར་མ་ཁྱེར
305a3 རོ|་|བདག་གི་རྩ་བ་དག་ཁྱེར་རོ་སྙམ་དུ་མི་སེམས་སོ། །རྩིའི་སྡོང་བུ་ལ་རྣམ་པར་རྟོག་པ་ཡོང་མེད་དོ། །རྣམ་པར་རྟོག་པ་མེད་དུ་ཟིན་ཀྱང་སེམས་ཅན་རབ་འབྲིང་ཐ་མ་ཐམས་ཅད་ལ་འོ་མའམ།
305a4 ཞོའམ། མར་རམ། འབྲུ་མར་རམ། སྨན་ཅིའང་རུང་བདག་དང་སྦྱར་བའམ། སྨན་ཐམས་ཅད་དང་བསྲེས་པའི་ལྡེ་གུའམ། བཏུང་བའམ། ལུས་བསྐུ་བས་ནད་སེལ་བར་བྱེད་དོ། །དེ་བཞིན
305a5 དུ་ཏིང་ངེ་འཛིན་འདི་ཉན་པའང་རྩ་བའམ། རྒྱུད་དམ། ཚིགས་སུ་བཅད་པའམ། ཚིག་གམ། ཚིག་གི་ཕྱེད་དམ། མིང་ངམ། དེ་བཞིན་གཤེགས་པ་རྟག་གོ་།ཞེས་བྱ་བའི་ཡི་གེ་འབྲུ
305a6 གཉིས་ཀྱིས་ཉན་པ་དང་། དེ་འདི་སྙམ་དུ་བདག་གིས་རྩ་བ་ལས་ཏིང་ངེ་འཛིན་བཟུང་ངོ་། །རྒྱུ་ལས་བཟུང་ངོ་། །ཚིགས་སུ་བཅད་པ་ལས་བཟུང་ངོ་། །ཚིག་ལས་བཟུང་ངོ་། །ཚིག་ཕྱེད་ལས
305a7 བཟུང་ངོ་། །མིང་ལས་བཟུང་ངོ་། །དེ་བཞིན་གཤེགས་པ་རྟག་གོ་།ཞེས་བྱ་བའི་ཡི་གེ་འབྲུ་གཉིས་ལས་བཟུང་ངོ་སྙམ་དུ་སེམས་ཏེ། རྣམ་པར་རྟོག་པ་དེ་དག་མེད་དོ། །རྣམ་པར་རྟོག་པ




iiif viewer powered by OpenSeadragon

304b - 305b

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo