e-texts navigator
Collection
Volume
Page
Wylie

304b1 པར་བྱེད་པ་དེ་ལྟ་བུར་ཉིན་མཚན་དུ་ལམ་དུ་ཞུགས་པས་ཇི་ཙམ་དུ་ཕྱིན་པ་དེ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རང་གི་ལུས་ཀྱི་འཕང་ཙམ་དུ་གང་བར་བྱས་ནས་སྦྱིན་པ་བྱིན་ཏེ། ཐབས་དེ་དག་ལྟ
304b2 བུར་བར་ཆད་དང་། སྐྱོན་མ་བྱུང་བར་སྦྱིན་པ་བྱིན་ན། སྤྲིན་ཆེན་སྙིང་པོ། ཅི་དེ་གཞི་དེ་ལས་དེ་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཅོམ་ལྡན་འདས། ཚད་མ་མཆིས་སོ། །བཅོམ
304b3 ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ། དེ་ལྟ་བུའི་སྦྱིན་པ་དེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་འདི་ལས་དེ་བཞིན་གཤེགས་པ་རྟག་པའི
304b4 ཆེ་བ་ཉིད་ཀྱི་ཡོན་ཏན་ནུབ་པར་མི་འགྱུར་བའི་བསྟན་པ་འཁོར་བཞི་ལས་གང་ཡང་རུང་བའམ། སྤྱོད་པ་པའམ། ཀུན་ཏུ་རྒྱུའམ། གཅེར་བུ་པ་ལ་སོགས་པ་ལ་འཆད་ཅིང་སྟོན་པར་བྱེད
304b5 དམ|་ཡང་ན་འཕྱ་བའམ། སྟིང་བའམ། གཞན་གྱི་གཡམ་ལ་བྱ་བ་འམ། འཚོ་བའི་ཐབས་ཀྱི་རྒྱུར་བྱ་བའི་ཕྱིར་རམ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པའི་ཕྱིར་དེ
304b6 བཞིན་གཤེགས་པ་རྟག་གོ་། ཞེས་ཚིག་ཏུ་བརྗོད་པ་ཙམ་གྱི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུའང་མི་བཟོད་དོ། །
304b7 སྤྲིན་ཆེན་སྙིང་པོ། འདི་ལྟ་སྟེ། དཔེར་ན། སྨན་གྱི་རྒྱལ་པོ་རྩིའི་སྡོང་བུ་དེའི་རྩ་བ་ཁྱེར་རམ། ཤུན་ཕྲགས་སམ། པྲིའམ། ལོ་མ་འམ། མེ་ཏོག་གམ། འབྲས་བུའམ། མགོ་ཐོག་གམ། སྡོང




iiif viewer powered by OpenSeadragon

304a - 305a

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo