e-texts navigator
Collection
Volume
Page
Wylie

295b1 ཡིན་པར་བལྟའོ། །དེའི་ཚེ་དྲང་སྲོང་བྱི་བའི་ཡུལ་འཁོར་ཡང་འབྱོར་ཅིང་རྒྱས་ལ་སྐྱེ་བོ་མང་པོས་གང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དང་མིང་མཐུན་པའི་ཁྱེའུ་དེའང་སྐྱེ་བོ་ཐམས་ཅད་ཀྱི
295b2 སྙིང་དུ་སྡུག་པར་འགྱུར་ཞིང་སྐྱེ་བོ་མང་པོ་ཐམས་ཅད་ཀྱིས་བཀུར་བར་འགྱུར་རོ། །གང་གི་ཚེ་ཁྱེའུ་དེ་རབ་ཏུ་བྱུང་བ་ན་ཚངས་པ་མཚུངས་པར་སྤྱོད་པའི་འཁོར་དང་། དགེ་སློང་གི་ཚོགས་རྣམས
295b3 ཁྲིད་དེ་རང་གི་སྲོག་དང་བསྡོས་ནས་དམ་པའི་ཆོས་སྟོན་ཅིང་། དེ་བཞིན་གཤེགས་པའི་སྤྱོད་པ་འབྱུང་བར་བྱེད་དེ། མཆོག་ཏུ་དཀའ་བ་སྤྱོད་པར་འགྱུར་རོ། །དགེ་སློང་དམ་པའི
295b4 ཆོས་འདོད་པ་དེའི་འཁོར་གང་ཡིན་པ་རྣམས་ཀྱང་རང་གི་སྲོག་གི་བསམ་པ་ཡོངས་སུ་བཏང་ནས་དམ་པའི་ཆོས་སྲུང་བར་འགྱུར་ཏེ། དགེ་སློང་གི་ཚོགས་དེ་དག་ཀྱང་མཆོག་ཏུ
295b5 དཀའ་བ་བྱེད་པ་དང་། དེ་ལ་དབེན་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཞིང་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ལ། སྤྱོད་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས
295b6 པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལའང་འཇིགས་པར་ལྟ་བར་འགྱུར་རོ། །དགེ་སློང་ངམ། དགེ་སློང་ངམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་ངའི་ཉན་ཐོས་ནི། མཆོག་ཏུ་དཀའ་བ་བྱེད
295b7 པའི་ཆོ་ག་ལ་ཡིད་ཆེས་པ་དེ་དག་ཐམས་ཅད་ཀྱང་སྤྲིན་ཆེན་སྙིང་པོ་དང་འདྲ་བར་བལྟའོ། །མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ། གཞན་ཡང་སྐྱེ་བོ་དགེ་བསྙེན་གང་དག་གིས་ངའི་ཉན་ཐོས་ཀྱི




iiif viewer powered by OpenSeadragon

295a - 296a

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo