e-texts navigator
Collection
Volume
Page
Wylie

295a1 དང་བཅས། གྲོང་དང་བཅས་པ་དང་། རྣམ་པ་ཅི་འདྲ་བའང་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས། དགེ་སློང་དེ་བདག་གིས་ཇི
295a2 སྲིད་འཚོ་བའི་བར་དུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ། དགེ་སློང་དེ་ལུང་བསྟན་པ་ཉོན་ཅིག་།དེ་ནི། ང་ལ་དབེན་པ་དང་།
295a3 ངའི་བསྟན་པ་འབྱུང་བར་བྱེད་ཅིང་ཁུར་ཆེན་པོ་འཁྱེར་བ་དང་། ངའི་ཤཱཀྱ་གཞོན་ནུ་ཡིན་ཏེ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ། ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་དྲང་སྲོང
295a4 བྱི་བོ་ཞེས་བྱ་བའི་ཡུལ་འཁོར་དུ་བསོད་ནམས་དང་ལྡན་གྱི་གྲོང་བྱེ་མ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། གྲོང་དེའི་འབབ་ཆུ་མཛེས་འབྱོར་ཅེས་བྱ་བ་དེའི་བྱང་ཕྱོགས་ཀྱི་འགྲམ་དུ་འབྱུང་བར་འགྱུར
295a5 རོ|་|དེར་རྗེའུ་རིགས་ཆེན་པོ་རྣམ་པར་དག་པ་འབྲ་གོ་ཅན་ཞེས་བྱ་བའི་སའི་ཕྱོགས་སུ་འབྱུང་བར་འགྱུར་ཏེ། ཤཱཀྱའི་རིགས་གཞོན་ནུ་ལི་ཙ་བཱིའི་བུ་གཞོན་ནུ་འཇིག་རྟེན་ཐམས་ཅད
295a6 ཀ་ཡིས་མཐོང་ན་དགའ་བ་དེ་ངའི་ཆོས་དབྱུང་བར་བྱ་བའི་ཕྱིར་ལོ་ཙ་བཱིའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་བྱང་ཆུབ་སེམས་དཔའ་མི་མཆོག་དེ་དེར་རིགས་ཆེན་པོར
295a7 སྐྱེ་བར་འགྱུར་ཏེ། དེའི་ཕ་མ་དང་གཉེན་སྡེ་རྣམས་ཀྱིས་ངའི་མིང་དེའི་མིང་དུ་འདོགས་པར་འགྱུར་རོ། །འབྲ་གོ་ཅན་གྱི་རྗེའུ་རིགས་ཆེན་པོའི་རིགས་ཀྱང་དེ་བཞིན་གཤེགས་པའི་རིགས




iiif viewer powered by OpenSeadragon

294b - 295b

Texts on this page

H233 - 'phags pa sprin chen po zhes bya ba theg pa chen po'i mdo