| | e-texts navigator
|
289a1 པ་ཀཽཎྜི་ནྱ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི། སེམས་ཅན་དམྱལ་བར་འགྲོ་བའམ། དུད་འགྲོའི་སྐྱེ་གནས་དང་། ལྷ་མ་ཡིན་གྱི་རིགས་སུ་སྐྱེ་བར་འགྱུར་བ
289a2 ནི|་སྐབས་མ་ཡིན་ཞིང་མི་སྲིད་དེ། དེ་ནི། གནས་མེད་དོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ད་ལྟར་ང་ལས་ཏིང་ངེ་འཛིན་གྱི་སྒོ
289a3 འདི་ཐོས་ལ། ཕྱི་མའི་ཚེའང་ཏིང་ངེ་འཛིན་འདི་ཐོས་ན་སྨོད་པར་འགྱུར་བ་ནི། སྐབས་མ་ཡིན་ཞིང་མི་སྲིད་དེ། དེ་ནི། གནས་མེད་དོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ། དེ་བཞིན་གཤེགས
289a4 པ་དེ་དག་གི་མཚན་རྣམས་འཆང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་དུག་གིས་ཚུགས་པའམ། མཚོན་འབབ་པའམ། ཆུར་འཆི་བའམ། མེས་ཚིག་པར་འགྱུར
289a5 པའམ|་དེ་ལ་རྒྱལ་པོའམ། ཆོམ་རྐུན་ནམ། མིའམ། མི་མ་ཡིན་པའམ། ཀླུའམ། གནོད་སྦྱིན་ནམ། སེངྒེའམ། སྲོག་ཆགས་གདུག་པའམ། སྟག་གམ། ཁྱིའམ། སྦྱང་ཀིའམ། སྤྲུལ
289a6 ལམ|་སྡིག་པ་རྣམས་ཀྱིས་བར་ཆད་བྱ་བའམ། ཚངས་པར་སྤྱད་པ་སྤྱོད་པ་དང་། ཁ་ཏེན་བྱེད་པ་དང་། ལྷུང་བཟེད་དང་། ཆོས་གོས་ལ་བར་ཆད་བྱེད་པར་འགྱུར་བ་ནི། སྐབས་མ་ཡིན
289a7 ཞིང་གོ་སྐབས་མེད་ལ། དེ་ནི། གནས་མེད་དེ། ལས་ཀྱི་རྣམ་པར་སྨིན་པ་ནི། མ་གཏོགས་སོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ། གཞན་ཡང་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན
iiif viewer powered by OpenSeadragon
288b - 289b