| | e-texts navigator
|
287a1 འདས|་མིང་ཆེན་འདི་ལྟ་བུ་ལ་ཇི་སྲིད་འཚོའི་བར་དུ་ཇི་ལྟར་བསྙན་བཀུར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་ཆེན་འདི་ནི། དེ་བཞིན་གཤེགས
287a2 པ་ཀླུ་རིགས་སྒྲོན་མའི་ཉན་ཐོས་ཡིན་ཏེ། ངའི་ཉན་ཐོས། ངའི་ལུས་ཀྱི་ཕྱེད་དང་འདྲ་བ། ང་ལ་བྱས་པ་གཟོ་བ་སྟེ། ད་ལྟར་གྱི་འོད་སྲུང་ཆེན་པོ་འདི་ཡིན་གྱི། ལྷ་མོ། ཇི་སྲིད་འཚོའི་བར་དུ
287a3 བསྙེན་བཀུར་གྱིས་ཤིག་། དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་ལྷའི་བུ་དབྱུག་མཆོག་ཅེས་བྱ་བ་འཁོར་སྟོང་དང་ལྡན་པས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས
287a4 ཚིགས་སུ་བཅད་པ་འདི་སྨྲས་སོ། །སྐྲ་རྩེ་ཙམ་གྱིས་རྒྱ་མཚོ་ཀུན། །བས་པར་གཏུགས་སུ་ནུས་ལགས་ཀྱི། །གཟུགས་མེད་མངའ་བའི་ཡོན་ཏན་མཚོ། །ཚིག་ཙམ་གྱིས་ནི་བརྗོད་མི་ནུས
287a5 བསྟན་པ་འདི་བཤད་པ་ན་ལྷའི་བུ་བརྒྱ་སྟོང་ཕྲག་མང་པོ་དག་གིས་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས
287a6 ཀྱིས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སློབ་དཔོན་ལུང་སྟོན་པ་ཀཽ་ཎྜི་ནྱ། ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་ཀྱི། མངོན་པར་དད་པར་གྱིས་ཤིག། མ
287a7 འོངས་པའི་དུས་ན་སེམས་ཅན་རྣམས་བསྲུང་པའི་ཕྱིར་ཁྱོད་ལས་གླེགས་ཏེ་སྲུང་པའི་མཚན་ཉིད་བཤད་དོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ། སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ
iiif viewer powered by OpenSeadragon
286b - 287b