| | e-texts navigator
|
285b1 གྱི་བཀོད་པ་ལ་སྨན་ལམ་བཏབ་པ་ཡིན་གྱི། ལྷ་མོ། སེམས་མངོན་པར་དད་པར་གྱིས་ལ་སངས་རྒྱས་མང་པོས་བསྙེན་བཀུར་བྱས་པར་ཤེས་པར་གྱིས་ཤིག། དེ་ནས་ལྷ་མོས་བཅོམ་ལྡན
285b2 འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་བསམ་པ་དད་པར་འགྱུར་བ་དང་། སྐྱེ་བོ་མང་པོ་ལ་སྨན་པར་འགྱུར་བའི་སླད་དུ་བདག་ཅག་བཞི་གང་ལགས་པ་བཅོམ་ལྡན་འདས་ཀྱིས
285b3 བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ། ལེགས་སོ་ལེགས་སོ། །ལྷ་མོ། ཁྱོད་ལེགས་ཀྱི། ཁྱོད་གཏོགས་པ་བཞི་ལུང་བསྟན་པའི་ཆོ་གའི་རིམ་པ་ལྷ་མོ་ཁྱོད་ཀྱིས
285b4 ཉོན་ཅིག་། ལྷ་མོ། ཁྱོད་གཏོགས་པ་བཞིའི་ཡོན་ཏན་གྱི་ཆེ་བ་ཉིད་ལ་ལྟོས། བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་དེ་ནི། སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་ཡིན་པར
285b5 རིག་པར་བྱའོ། །ལྷ་མོ། སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱའང་ང་འདས་པའི་འོག་ལོ་བརྒྱ་ཉི་ཤུ་ལོན་པ་ན་མོའུ་ཪྱའི་རིགས་ཞེས་བྱ་བ་ཕྱེད་ཀྱི་འཁོར་ལོས་བསྒྱུར་བའི་རིགས་སུ་སྐྱེ་བར
285b6 འགྱུར་ཏེ། ལྷ་མོ། མོའུ་ཪྱའི་རིགས་སུ་སྐྱེས་ནས་ཀྱང་ཕྱེད་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ཏེ། ལྷ་མོ། མོའུ་ཪྱའི་རིགས་ཀྱི་རྒྱལ་པོའི་མཆོག་ཏུ་འགྱུར་ལ་ཆོས་ཀྱི་ལུགས་ཇི་ལྟ་བ
285b7 བཞིན་དུ་རྒྱལ་པོ་བྱེད་པར་འགྱུར་རོ། །དེ་ནས་ལྷ་མོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེའི་མིང་ཅི་དེ་སྐད་ཅེས་བགྱི་བར་གཟུང་བར་བགྱི། བཀའ་སྩལ་པ། ལྷ་མོ། དགེ་བསྙེན
iiif viewer powered by OpenSeadragon
285a - 286a